འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བདེ་ཐང་སྟོན་གྲངས་བརྟན་པོའི་ངང་འཕར་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་2015ལོའི་ཀྲུང་གོའི་འཕེལ་རྒྱས་སྟོན་གྲངས(RCDI)སྙན་ཞུ་ལས་མངོན་གསལ། རང་རྒྱལ་གྱི་བདེ་ཐང་སྟོན་གྲངས་བརྟན་པོའི་ངང་འཕར་ནས་ཧྲང་ཧའེ་དང་། པེ་ཅིང་། ལེའོ་ཉིང་། ཧེ་ལུང་ཅང་། སི་ཁྲོན་བཅས་ཨང་དང་པོ་ནས་ལྔ་པ་བར་གནས་ཏེ་ནུབ་རྒྱུད་ས་ཁུལ་གྱི་འཕར་ཚད་མངོན་གསལ་ཧ་ཅང་དོད་པོ་ཡོད་པ་རེད།
         RCDIཀྲུང་གོ་མི་དམངས་སློབ་ཆེན་ཀྲུང་གོ་བརྟག་དཔྱད་དང་གྲངས་གཞི་ལྟེ་གནས་ཀྱིས་སྒྲིག་བཟོ་བྱས་པ་དང་། ད་བར་ལོ་10རྒྱུན་མཐུད་ངང་ཁྱབ་བསྒྲགས་བྱས་པའི་དམིགས་ཡུལ་ནི་རང་རྒྱལ་གྱི་ས་ཁུལ་ཁག་གི་སྤྱི་ཚོགས་དང་། དཔལ་འབྱོར། ཁོར་ཡུག་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་དང་ཧེ་བག་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱ་རྒྱུ་དེ་རེད། སྟོན་གྲངས་དེ་བདེ་ཐང་དང་། སློབ་གསོ། དཔལ་འབྱོར། སྤྱི་ཚོགས་ཁོར་ཡུག་བཅས་ཆ་ཤས་སྟོན་གྲངས་4དང་སྟོན་རྟགས་15ལས་གྲུབ་ནས་གཙོ་བོ་ལོ་དེ་རང་གི་ཀྲུང་གོའི་བསྡོམས་རྩིས་ལོ་བཤེར་གྱི་གྲངས་གཞི་སྤྱད་ཡོད་པ་རེད། བདེ་ཐང་སྟོན་གྲངས་ནང་ཆ་སྙོམས་རེ་འདོད་ཚེ་ཚད་དང་། ཕྲུ་གུ་དམར་འབྱར་ཤི་ཚད། མི་ཁྲི་རེའི་ཆ་སྙོམས་ནད་ཁྲིའི་གྲངས་ཚད་བཅས་ཆ་ཤས་སྟོན་གྲངས་3ཚུད་ཡོད་པ་རེད།
         ཀྲུང་གོ་མི་དམངས་སློབ་ཆེན་བསྡོམས་རྩིས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཕུང་ཕེ་ཡིས། ནུབ་རྒྱུད་དུ་གནས་པའི་མཚོ་སྔོན་དང་། ཀུའེ་ཀྲོའུ། སི་ཁྲོན། ཧྲའན་ཤིས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བདེ་ཐང་སྟོན་གྲངས་འཕར་ཚད་ཅུང་མཐོ་བ་དེས་རྒྱལ་ཁབ་ཀྱི་མཐོང་ཆེན་འོག་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་དང་ཆུ་ཚད་རིམ་བཞིན་མཐོ་རུ་འགྲོ་བ་གྲངས་གཞི་ལས་མངོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།