འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་ལུས་བྱིས་པའི་རོགས་སྐྱོབ་རྣམ་གྲངས་ལས་ཕན་པ་ཐོབ་པའི་མི་ཁྲི་16ལྷག་ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་གསར་འགོད་པར་ཀྲུང་གོ་མི་རབས་རྗེས་མའི་སློབ་གསོ་ཐེབས་རྩ་ལྷན་ཚོགས་བཙུགས་ནས་ལོ་ལྔ་འཁོར་བའི་ཕྱོགས་སྡོམ་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བར། གཞིས་ལུས་བྱིས་པར་ལྟ་རྟོག་བྱེད་མཁན་མེད་པ་སོགས་ཀྱི་སྤྱི་ཚོགས་གནད་དོན་ལ་དམིགས་ཏེ་ཐེབས་རྩ་ལྷན་ཚོགས་ཀྱིས་2012ལོ་ནས་བཟུང“གཞིས་ལུས་བྱིས་པའི་སློབ་གསོའི་རོགས་སྐྱོབ་རྣམ་གྲངས”སྤེལ་འགོ་ཚུགས་པས་ད་བར་ཐད་ཀར་ཕན་པ་ཐོབ་པ་མི་ཁྲི་16.65ལྷག་ཙམ་ཟིན་ཡོད་པ་རེད།
         ཐེབས་རྩ་ལྷན་ཚོགས་ཀྱིས་2012ལོར“གཞིས་ལུས་བྱིས་པའི་སློབ་གསོའི་རོགས་སྐྱོབ་རྣམ་གྲངས”སྤེལ་འགོ་བཙུགས་ཏེ་གཙོ་གནད་ནུབ་རྒྱུད་ས་ཁུལ་དང་། གྲོང་གསེབ་ཁུལ། གསར་བརྗེའི་གནས་རྙིང་ཁུལ་བཅས་ལ་ཁ་ཕྱོགས་ཏེ་གཞིས་ལུས་བྱིས་པ་གཅིག་སྡུད་ཆེ་བའི་སློབ་གྲྭར“གཞིས་ལུས་བྱིས་པའི་སློབ་གསོའི་རོགས་སྐྱོར་ལྟེ་གནས”བཙུགས་ནས་ཕྲུ་གུ་ཚོས་བརྙན་ལམ་བརྒྱུད་ཕ་མ་དང་སྤེལ་རེས་བྱས་ཏེ་ཕ་མ་འཁྲིས་སུ་ཡོད་འདོད་ཆེ་བའི་འདོད་པ་ཁེངས་པ་བྱས་ཡོད། དུས་མཚུངས་ལྟེ་གནས་དེས་ད་དུང་ཕྲུ་གུ་ཚོར་དཔེ་དེབ་དང་། སློབ་སྦྱོང་ཡོ་བྱད། གཅེས་སེམས་ལག་རྟགས། ཡིག་ཆས་དང་ལུས་རྩལ་ཡོ་བྱད། སློབ་གོས་སོགས་སྤྲད་དེ་ཕྲུ་གུ་ཚོའི་སློབ་སྦྱོང་གི་ཆ་རྐྱེན་ལེགས་སུ་བཏང་བ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོའི་ཟླ་11བར། “གཞིས་ལུས་བྱིས་པའི་སློབ་གསོའི་རོགས་སྐྱོབ་རྣམ་གྲངས”ཀྱིས་སྔ་རྗེས་སུ་ཀན་སུའུ་དང་། ཀོང་ཤིས། ཧོ་པེ། ཧུའུ་ནན། ཅང་ཤིས། མཚོ་སྔོན། སི་ཁྲོན། ཡུན་ནན། ཤིན་ཅང་སོགས་ཞིང་ཆེན་(རང་སྐྱོང་ལྗོངས)9ཡི་རྫོང་36ཏུ་གཞིས་ལུས་བྱིས་པའི་རོགས་སྐྱོབ་ལྟེ་གནས་ཁག་139བཙུགས་པར་རིམ་རྩིས་བྱས་ན་སྒོར་ཁྲི་1864བཏང་ནས་ཐད་ཀར་ཕན་པ་ཐོབ་པ་མི་ཁྲི་16.65ལྷག་ཙམ་ཟིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོའི་ཟླ་12བར། ཀྲུང་གོ་མི་རབས་རྗེས་མའི་སློབ་གསོ་ཐེབས་རྩ་ལྷན་ཚོགས་ཀྱིས་ཆེད་གཉེར་རྣམ་གྲངས་ཀྱི་ཐེབས་རྩ་ཁག་65རིམ་གྱིས་བཙུགས་པས་ཞལ་འདེབས་སྒོར་དུང་ཕྱུར་5.13རག་པ་དང་། རྒྱལ་ཡོངས་སུ་སྤྱི་ཕན་རྣམ་གྲངས་དང་བྱེད་སྒོ་བརྒྱ་ལྷག་ཙམ་སྤེལ་ནས་ཐད་ཀར་ཕན་པ་ཐོབ་པ་མི་ཁྲི་295དང་ཕན་པ་ཐོབ་པ་མི་ཁྲི་737ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།