འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་སི་རི་ཡར་ཕྱི་མིག་ལྟ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།2015ལོའི་སི་རི་ཡར་ཕྱི་མིག་ལྟ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཆབ་སྲིད་ཐོག་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་ཀྲུང་གོའི་ཕྱོགས་ཀྱིས་ཡིད་འཐད་པའི་འདེམས་ཤོག་འཕངས་པ་རེད། 2015ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་པའི་འོག་སི་རི་ཡའི་རྒྱལ་སྤྱིའི་རྒྱབ་སྐྱོར་ཚོགས་ཆུང་གིས་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་རེས་འཁོར་གསུམ་འཚོགས་པ་དང་། ཆབ་སྲིད་ཀྱི་ཐོག་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་ཆེན་པོ་དང་ལམ་རིས་གཏན་འཁེལ་བྱས་པ་རེད། མིག་སྔར་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དུས་བབ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་ཆབ་སྲིད་ཀྱི་བྱེད་ཐབས་ཐོག་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པར་ལེགས་འགྱུར་གྱི་རེ་བ་གསར་པ་བྱུང་བ་མ་ཟད་འཕེལ་རིམ་ཡང་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་རེད། 
         འོན་ཀྱང་གཡུལ་སར་ཕྱོགས་སོ་སོའི་བར་རྒྱལ་ཕམ་འབྱེད་དཀའ་བ་དང་གྲོས་མོལ་བྱེད་སར་ཕྱོགས་ཁག་མི་འདྲ་བར་སོ་སོའི་ཁེ་ཕན་ཡོད་པས། ཉམས་ཉེན་ཡུན་རིང་ཐག་གཅོད་མི་ཐུབ་པས་སི་རི་ཡའི་མི་སེར་རྣམས་ཀྱིས་རེ་སྒུག་མི་བྱེད་ཐབས་མེད་རེད། ཡིན་ནའང་ཁོ་ཚོས་སྒུག་ནས་ཐོན་པ་ནི་བསམ་ཡུལ་ལས་འདས་པའི་ཉེན་ཁ་ཡིན་ཞིང་། མིག་སྔར་སི་རི་ཡའི་ཞིང་ཆེན་སོ་སོར་དམག་འཁྲུག་གི་གནོད་འཚེ་ཚད་མི་འདྲ་བ་ཐེབས་པ་དང་། བདེ་འཇགས་གནས་ཚུལ་ཅུང་ལེགས་པའི་རྒྱལ་ས་ལའང་དུས་རྟག་ཏུ་སྒྱོགས་མདེལ་ལྷུང་ཡོང་བའི་ཉེན་ཁ་ཡོད་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།2015ལོའི་སི་རི་ཡར་ཕྱི་མིག་ལྟ་བ།
      

    ཕྱོགས་བསྡུས་གསར་འགྱུར།