འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧ་སག་སི་ཐན་གྱིས་འདི་ལོ་འབྲུ་རིགས་ཏུན་ཁྲི་750ཕྱིར་གཏོང་བྱ་རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 12:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་ཧ་སག་སི་ཐན་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཁོ་ཧྲེའར་པ་ཡེ་ཕུའུ་ཡིས་རྒྱལ་ས་ཨ་སི་ཐ་ནར་ད་ལོ་རང་རྒྱལ་ཁབ་ཀྱིས་འབྲུ་རིགས་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་750ལོན་རེ་ཡོད་ཅེས་བཤད་པ་རེད།
         ཉིན་དེར་འཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ཁོ་ཧྲེའར་པ་ཡེ་ཕུའུ་ཡིས་ད་ལོ་གནམ་གཤིས་ཡག་པོ་དེ་ཙམ་མེད་ཀྱང་ཧ་སག་སི་ཐན་གྱི་ད་ལོའི་འབྲུ་རིགས་ཐོན་ཚད་སྔར་བཞིན་ཏུན་ཁྲི་2000ལོན་རྒྱུ་རེད་ཅེས་བཤད་པ་རེད།
         མིག་སྔར་ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་འབྲུ་རིགས་ཕྱིར་གཏོང་མང་དུ་གཏོང་རྒྱུའི་སྐོར་གྲོས་མོལ་བྱེད་བཞིན་ཡོད་པ་རེད། ན་ནིང་ཧ་སག་སི་ཐན་གྱིས་ཀྲུང་གོར་འབྲུ་རིགས་ཏུན་ཁྲི་20ཕྱིར་གཏོང་བྱས་པ་དང་ད་ལོ་ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོར་འབྲུ་རིགས་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་50བར་མང་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད། གཞན་ཡང་རྒྱལ་ཁབ་གཉིས་ཀྱིས་བཞག་པའི་གྲོས་མཐུན་ཡི་གེ་གཞིར་བཟུང་ཀྲུང་གོས་ཧ་སག་སི་ཐན་ནས་གྲོ་ནང་འདྲེན་བྱ་རྒྱུའི་ཐད་ཀྱི་ཚོད་འཛིན་མེད་པ་བཟོ་རྒྱུ་ཡིན་པ་རེད།
         ཁོ་ཧྲེའར་པ་ཡེ་ཕུའུ་ཡིས་ཧ་སག་སི་ཐན་གྱིས་ད་དུང་རྒྱལ་ཁབ་གཞན་ལ་འབྲུ་རིགས་ཕྱིར་གཏོང་བྱེད་ཚད་མང་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་བརྒྱུད་ཧ་སག་སི་ཐན་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ལ་འབྲུ་རིགས་ཕྱིར་གཏོང་བྱེད་ཐུབ། ཧ་སག་སི་ཐན་གྱིས་དབྱི་རན་ལ་འབྲུ་རིགས་ཕྱིར་གཏོང་བྱེད་མང་དུ་གཏོང་བ་དང་འབྲེལ་དབྱི་རན་བརྒྱུད་རྒྱལ་ཁབ་གཞན་ལ་འབྲུ་རིགས་ཕྱིར་གཏོང་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།
         ཧ་སག་སི་ཐན་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེ་མོ་ཞིག་ཡིན་པ་མ་ཟད། འབྲུ་རིགས་ཕྱིར་གཏོང་རྒྱལ་ཁབ་གལ་ཆེན་ཡང་ཡིན་པ་དང་ལོ་ལྟར་ཧ་ལམ་འབྲུ་རིགས་ཏུན་ཁྲི་800ཕྱིར་གཏོང་བྱེད་ཀྱི་ཡོད། རང་བཙན་མཉམ་འབྲེལ་རྒྱལ་ཁབ་ཁྲོད་ཨུ་རུ་སུ་དང་ཡུག་རེན་ཕུད་ཧ་སག་སི་ཐན་ནི་འབྲུ་རིགས་ཐོན་ཚད་དང་ཕྱིར་གཏོང་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།