འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུག་རེན་ལ་དཔལ་འབྱོར་གྱི་ཐོག་ནས་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་སྤྱོད་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་23ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་21ཉིན་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་བཀའ་རྒྱར་རང་མིང་བཀོད་པས་2016ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཡུག་རེན་ལ་དཔལ་འབྱོར་ཐོག་ནས་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་སྤྱད་དེ་ཡུག་རེན་ནས་ཚོང་ཟོག་ནང་འདྲེན་བྱེད་སྐབས་གཅིག་གྱུར་གྱི་སྒོ་ཁྲལ་བསྡུ་བ་དང་དེ་སྔོན་གྱི་གཟིགས་སྐྱོང་སྲིད་ཇུས་ཚང་མ་མེད་པ་བཟོ་རྒྱུ་ཡིན་ཞེས་བཤད་པ་རེད།
         མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཡུག་རེན་གྱིས་ཡོ་རོབ་མནའ་འབྲེལ་དང་ཨུ་རུ་སུར་ངོ་རྒོལ་བྱེད་པའི་ཨ་རིའི་བཀག་སྡོམ་བྱ་སྤྱོད་ནང་དངོས་སུ་ཞུགས་པར་བརྟེན་ནང་བློན་ཚོགས་འདུའི་ཐོག་ཡུག་རེན་ལ་དཔལ་འབྱོར་གྱི་ཐོག་ནས་བཀག་སྡོམ་ངོ་རྒོལ་བྱེད་པའི་བྱ་ཐབས་སྤྱོད་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་བཤད་པ་རེད།
         གཞན་ཡང་མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་རང་ཉིད་ཀྱིས་སྲིད་གཞུང་ལ་ཁྲིམས་རྩོད་པ་གདན་འདྲེན་རྒྱུའི་འགན་དཀྲིས་ནས་ཡུག་རེན་གྱིས་ཨུ་རུ་སུའི་ཨ་སྒོར་དུང་ཕྱུར་30ཆད་པའི་བུ་ལོན་གནད་དོན་སྐོར་ཞུ་གཏུག་རྒྱག་རྩིས་ཡོད་ཅེས་བཤད་པ་རེད། ཁོང་གིས་བུ་ལོན་དེ་ཟླ་12ཚེས་20ཉིན་ལ་དུས་བཀག་གཙང་ཡང་གཟིགས་སྐྱོང་དུས་ཚོད་ཉིན་བཅུ་ཡོད་པ་དེའི་ནང་ཡུག་རེན་གྱིས་གན་འགལ་དངུལ་ཆད་སྤྲོད་དགོས་ཀྱི་མེད། འོན་ཀྱང་ཉིན་བཅུའི་རྗེས་བཅའ་ཁྲིམས་དོན་སྙིང་ལྡན་པའི་བུ་ལོན་གྱི་གན་འགལ་དུས་མཚམས་སུ་སླེབས་ཡོད། བུ་ལོན་གཙང་འཇལ་བྱེད་པ་ཕུད་ཡུག་རེན་གྱིས་ད་དུང་གན་འགལ་དངུལ་ཆད་སྤྲོད་དགོས་ཀྱི་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།