འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་ལས་དོན་ཁང་དང་། ཡུལ་སྐོར་སྣེ་ཤན་པ། ཡུལ་སྐོར་ཁེ་ལས་བཅས་ལ་སྐར་ཐོ་
    བཀོད་ནས་དོ་དམ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་23ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་ལས་དོན་གྱི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བྱ་ཐབས་བཏོན་ནས་ཡུལ་སྐོར་ལས་དོན་ཁང་དང་། དེ་བཞིན་ཡུལ་སྐོར་སྣེ་ཤན་པ། ཡུལ་སྐོར་ཁེ་ལས་བཅས་ལ་སྐར་ཐོ་བཀོད་ནས་དོ་དམ་བྱ་རྒྱུ་དང་། ལོ་འཁོར་རེར་སྐར་མ་10དང་སྒྲིག་ཁྲིམས་ལས་འགལ་ཚེ་སྐར་འཐེན་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། ཐེངས་གཅིག་ལ་སྐར་མ་10འཐེན་རིགས་ཁྲོམ་ར་ནས་དོན་རྒྱུའི་བཀའ་གཏོང་རྒྱུ་ཡིན་པ་རེད།
         བྱ་ཐབས་དེ་གནས་ཚུལ་ཚབས་ཆེ་ཆུང་ལ་དམིགས་ནས་སྐར་མ་2དང་། 4 6 8 10བཅས་རིམ་པ་ལྔར་ཕྱེ་ཡོད་པ་དང་། སྐར་མ་རིམ་པའི་དཔྱད་འདེམས་སྒྲིག་གཞིས་སྐར་མ་རིམ་པ་མེད་པ་བཟོས་པ་དང་བདེ་འཇགས་ཀྱི་ལས་འཛོལ་ཆེན་པོ་དང་ཚབས་ཆེན་ཐོན་ནས་འགན་གཙོ་བོ་ཁུར་དགོས་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ། ཐེངས་གཅིག་ལ་སྐར་མ་10འཐེན་རྒྱུ་མ་ཟད། ཁྲོམ་ར་ནས་དོན་རྒྱུའི་བཀའ་གཏོང་རྒྱུ་ཡིན་པ་རེད། ལོ་གཅིག་ནང་རིམ་རྩིས་བྱས་ན། སྐར་མ་10ཡན་འཐེན་རིགས་ཁྲོམ་ར་ནས་དོན་རྒྱུའི་ཉེན་གཏོང་སྤྱི་བསྒྲགས་གཏོང་རྒྱུ་དང་ལོ་གཅིག་ནང་རིམ་རྩིས་བྱས་ན། སྐར་མ་8འཐེན་རིགས་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུ་དང་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།