འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཝང་དབྱིས་ཞལ་ཆད་ལྟར་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་ཞལ་པར་བསྐྱོན་རེས་གནང་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་23ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སེབ་རུ་སིར་འཚམས་འདྲི་ཞུ་བཞིན་ཡོད་པའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཚེས་20ཉིན་ཞལ་ཆད་ལྟར་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་ཞལ་པར་བསྐྱོན་རེས་གནང་བ་རེད།
         ཁེ་ལིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་མ་ཐག་ཡིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་དེའི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བཤད་པ་རེད། ཝང་དབྱིས་གྲོས་ཆོད་དེ་ལས་སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུའི་ཁ་ཕྱོགས་ཆེ་པོ་གསལ་སྟོན་བྱས་པ་དང་སི་རི་ཡའི་མདུན་ལམ་དང་ལས་དབང་ནི་སི་རི་ཡའི་མི་དམངས་ཀྱིས་རང་བདག་ངང་གཏན་འཁེལ་བྱེད་དགོས་པ་ནན་བཤད་བྱས་པ་དེ་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པའི་གོམ་སྟབས་རྗེས་མའི་འཕེལ་རིམ་ལ་དགེ་མཚན་ལྡན་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་བཟང་པོ་ཞིག་ཏུ་བརྩིས་ཏེ་སི་རི་ཡའི་གནད་དོན་དེ་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་མ་ཏན་ཏིག་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཁེ་ལིས་ཝང་དབྱི་ལ་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མོལ་དོན་འཁྱོལ་བྱེད་པའི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བྱས་པ་དང་ལྷག་པར་དུ་ཀྲུང་གོ་ཕྱོགས་ཀྱིས་ཨ་ལ་ཁེའི་འགྱུར་འབྱུང་ཕུང་པོ་སྒྱུར་བཀོད་གནད་དོན་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་རེ་བའང་བཏོན་པ་རེད།
         ཝང་དབྱིས་དེང་སྐབས་འཛམ་གླིང་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་གནས་ཡོད་པར་བརྟེན་ཕྱོགས་ཁག་གིས་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་རེ་བྱེད་སྐབས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོར་བརྩི་འཇོག་བྱེད་དགོས་ཞེས་གསུངས་པ་རེད། ཝང་དབྱིས་ཁེ་ལིར་ཐའེ་དབན་དང་དེ་བཞིན་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནན་པོ་རྒྱས་བཤད་གནང་བ་དང་ཨ་རི་ཕྱོགས་ལ་ཐའེ་དབན་ལ་མཚོན་ཆ་ཕྱིར་ཚོང་བྱེད་མཚམས་འཇོག་པ་དང་དམག་གྲུ་ཀྲུང་གོའི་ནན་ཧྲ་གླིང་ཚོམ་གྱི་ཉེ་འགྲམ་མཚོ་ཁོངས་སུ་དྲག་ཤུགས་ངོམ་རྒྱུ་གཏོང་མཚམས་འཇོག་རྒྱུའི་བླང་བྱ་བཏོན་གནང་བ་རེད།
         ཁེ་ལིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་ལྟ་སྟངས་ནན་ཏན་འཛིན་འདོད་ཡོད་ལ། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ནན་སྲུང་བྱ་རྒྱུ་ཡིན། ཨ་རིས་ཨ་ཀྲུང་མཉམ་ལས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གནད་དོན་མཐའ་དག་ཐད་ཀྲུང་གོ་ཕྱོགས་དང་བསམ་འཆར་སྤེལ་རེས་ནན་ཏན་བྱེད་པ་དང་ཕྱོགས་གཉིས་པོའི་མཉམ་ལས་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།