འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་ཁག་གིས་དགྲ་འཛིན་བྱེད་སྤྱོད་མཚམས་མ་བཞག་སྟབས་གནས་སྐབས་མཚམས་འཇོག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་23ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་མཉམ་འབྲེལ་རྒྱལ་ཚོགས་ཡེ་མེན་གནད་དོན་གྱི་ཆེད་བསྐོས་གཞུང་ཚབ་ཆེ་མོ་བ་ཞེ་ཧེ་ཨའེ་ཧ་མའེ་ཏེས་ཡེ་མེན་གདོང་གཏུག་ཕྱོགས་ཁག་གིས་སུའེ་ཙེར་རུ་རེས་འཁོར་གསར་པའི་ཞི་བའི་གྲོས་མོལ་བྱེད་སྐབས་ཕྱོགས་ཁག་གིས་ཞི་བའི་གྲོས་མོལ་བྱེད་རིང་མེ་མདའ་རྒྱག་མཚམས་མ་བཞག་པར་བརྟེན་གནས་སྐབས་མཚམས་འཇོག་གྲོལ་མོལ་དང་། རེས་འཁོར་དེའི་ཞི་བའི་གྲོས་མོལ་དེ་སང་ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་སླར་ཡང་འགོ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         ཞེ་ཧེ་ཨའེ་ཧ་མའེ་ཏེས་པེར་ནེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཞི་བའི་གྲོས་མོལ་ནི་ཡེ་མེན་རྒྱུན་སྲིང་ཞི་བདེ་ཡོང་བའི་ལམ་བུ་འབའ་ཞིག་ཡིན་པ་དང་། ཡེ་མེན་གྱི་གདོང་གཏུག་ཕྱོགས་ཁག་གིས་ཞི་བའི་གྲོས་མོལ་བྱེད་རིང་དགྲ་འཛིན་བྱེད་སྤྱོད་མཚམས་འཇོག་བྱ་རྒྱུ་དེ་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པའི་འགག་རྩ་རེད། དེར་བརྟེན་ཞི་བའི་གྲོས་མོལ་སླར་ཡང་འགོ་འཛུགས་པར་ཆ་རྐྱེན་སྐྲུན་ཆེད་མ་འོངས་པའི་གཟའ་འཁོར་ཁ་ཤས་རིང་རང་ཉིད་ཀྱིས་ཡེ་མེན་གྱི་གདོང་ཐུག་ཕྱོགས་ཁག་དབར་སླར་ཡང་ཡིད་ཆེས་བྱ་རྒྱུའི་ལས་ཀ་མུ་མཐུད་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདུམ་འགྲིག་འོག་ཡེ་མེན་གྱི་གདོང་གཏུག་ཕྱོགས་ཁག་གིས་ཟླ་འདིའི་ཚེས་15ཉིན་སུའེ་ཙེར་རེས་འཁོར་གསར་པའི་ཞི་བའི་གྲོས་མོལ་བྱེད་འགོ་ཚུགས་ཤིང་། ཡེ་མོན་གྱི་གདོང་གཏུག་ཕྱོགས་ཁག་གིས་བཞག་པའི་གནས་སྐབས་མེ་མདའ་རྒྱག་མཚམས་འཇོག་རྒྱུའི་གྲོས་མཐུན་དེའང་ཉིན་དེར་གོ་ཆོད་རྒྱུ་ཡིན་པ་དང་མེ་མདའ་རྒྱག་མཚམས་འཇོག་པའི་དུས་ཚད་ཉིན་7ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།