འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་70འཁོར་བ་གཉིས་ལ་དྲན་གསོ་ཞུས་ནས་འཛམ་གླིང་
    ཞི་བདེ་དང་བདེ་འཇགས་ཀྱི་ལམ་བུ་གཏོད་རྒྱུར་བློ་སྒོ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་23ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོར་འཛམ་གླིང་ཡོངས་ཀྱིས་མཉམ་དུ་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་70འཁོར་བར་དྲན་གསོ་ཞུས་ཤིང་། དེ་ནི་དོན་སྙིང་ལྡན་པའི“བདུན་ཅུ་གཉིས”ཀྱི་དྲན་གསོའི་མཛད་སྒོ་གལ་ཆེན་ཞིག་ཡིན་ལ། དེས་ལོ་རྒྱུས་ཐོག་ནས་འཛམ་གླིང་གི་བློ་སྒོ་ཕྱེ་སྟེ་ཡང་དག་པའི་ཁ་ཕྱོགས་ལ་བརྟེན་ནས་འབྱུང་འགྱུར་གཏོད་རྒྱུར་འཚོལ་ཞིབ་བྱས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྱུང་འགྱུར་ནུས་པར་ཤུགས་སྣོན་རྒྱག་རྒྱུ་དང་རྒྱལ་སྤྱིའི་འབྲེལ་བའི་འགྱུར་ལྡོག་ལ་ཁྲིད་སྟོན་བྱ་རྒྱུར་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ལྡན་ཡོད།
         ལོ་བདུན་ཅུའི་གོང་《མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་》གྱིས་དངོས་སུ་གོ་ཆོད་ཅིང་། “མི་རབས་རྗེས་མས་དེ་སྔ་མིའི་རིགས་ཀྱིས་མྱངས་པའི་ལྟ་བས་མི་བཟོད་པའི་དམག་འཁྲུག་གཉིས་ཀྱི་ཆག་སྒོ་མི་ཡོང་བ་བྱ་རྒྱུ”དེ་ནི་མཉམ་འབྲེལ་རྒྱལ་ཚོགས་གཏོད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྗིད་ཆེའི་དམ་བཅའ་ཞིག་ཡིན། “རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ”དེ་《མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་》གྱི་དམིགས་ཡུལ་གལ་ཆེན་དུ་བཞག་ཡོད།
    《མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་》གྱི་སྒྲོམ་གཞིའི་འོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་རིང་ལུགས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་བཙུགས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྲོག་ཤིང་དུ་བྱས་པའི་མཉམ་སྡེབ་བདེ་འཇགས་ལམ་སྲོལ་གཏན་འཁེལ། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་བ། དེང་རབས་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་རིན་ཐང་འདུ་ཤེས་གཏན་འཁེལ་བཅས་བྱས་ཡོད། སྔར་སོང་གི་དུས་སུ་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་མོད། འོན་ཀྱང་ལོ་བདུན་ཅུའི་རིང་རྩ་འཛིན་གྱི་གལ་ཆེའི་ནུས་པར་འགྱུར་ལྡོག་བྱུང་མེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅིན་ཝུན་གྱིས་འཛམ་གླིང་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་ཡི་ཡོད། འོན་ཀྱང་《མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་》ནི་སྔར་བཞིན་ང་ཚོ་ཐུན་མོང་ཐོག་ཡར་རྒྱས་འགྲོ་བའི་རྨང་རྡོ་ལྟ་བུ་ཡིན་ཞེས་གསུངས་པ་ལྟར་ཡིན།
         ཟླ་2ཚེས་23ཉིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་བརྗོད་བྱར་བྱས་པའི་མངོན་གསལ་རྩོད་གླེང་གཅིག་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་གཟབ་རྒྱས་ངང་སྤེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་70འཁོར་བ་གཉིས་ལ་དྲན་གསོ་ཞུ་བའི་བྱེད་སྒོའི་འགོ་ཚུགས། དེའི་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་དུང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་གི་བརྗོད་བྱ་གཙོ་བོའི་མཐོ་རིམ་རྩོད་གླེང་བྱས་ཏེ་འདས་ཟིན་པའི་ལོ་བདུན་ཅུའི་ཉམས་མྱོང་བསླབ་བྱ་དང་ལེན་གྱིས་ཞི་བདེ་དང་བདེ་འཇགས་ཁྱབ་ཁོངས་ཁྲོད་གནས་པའི་འགྲན་སློང་སྣ་ཚོགས་ལ་ཞིབ་ལྟ་བྱས་པ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་《མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་》ལ་ཁས་བླངས་པའི་དོན་སླར་ཡང་བསྐྱར་བསྒྲགས་བྱས་ཡོད།
         “སྤྱི་ཚོགས་སྐྱོང་ལུགས་ཡང་དག་གིས། འཇིག་རྟེན་བཏང་སྙོམས་ཆེན་པོར་འགོད”ལོ་བདུན་ཅུའི་ཆར་རླུང་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་ཁག་གིས་ཞི་བདེ་སྲུང་སྐྱོང་དང་། ཁྱིམ་གཞིས་འཛུགས་སྐྲུན། མཉམ་ལས་དོན་གཉེར་བཅས་ཀྱི་འཚོལ་ཞིབ་དང་ལག་ལེན་ལ་དཔང་པོ་བྱས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གང་འདྲ་བྱས་ཏེ་དུས་རབས་ཉེར་གཅིག་པར་དེ་བས་ལེགས་པའི་སྒོ་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལན་འདེབས་རྒྱུའི་བརྗོད་བྱ་ཆེན་པོ་དེར་བསམ་བློ་ཞིབ་ཕྲ་གཏོང་དགོས།
         2015ལོར་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལོ་བདུན་ཅུ་འཁོར་བའི་དབུ་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།
         དབུ་ཚོགས་རིང་དབུལ་པོ་དང་བཀྲེས་ལྟོགས་མེད་པ་བཟོ་རྒྱུ་དང་། འདྲ་མཉམ་མེད་པའི་གནས་ཚུལ་ཐག་གཅོད་བྱ་རྒྱུ། བུད་མེད་ལ་དབང་ཆ་སྤྲོད་རྒྱུ། དཔལ་འབྱོར་རྒྱུན་མཐུད་ངང་འཕར་རྒྱུ་དང་སྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ། ས་གོ་ལ་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་སོགས་འཛམ་གླིང་གི་ཞི་བདེ་གྲ་རྒྱས་དང་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གོ་ལའི་རང་བཞིན་གྱི་གྲོས་གཞིར་གྲོས་བསྡུར་ཧུར་ཐག་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་གནས་བབ་སླར་ཡང་གཏན་འཁེལ་བྱས་པར་བརྟེན་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་ཡོད།
         དབུ་ཚོགས་ཐོག་ཀྲུང་གོས་དགེ་མཚན་ལྡན་ལ་གྲུབ་འབྲས་ཀྱིས་ཕྱུག་པའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་དུ་བྱས་པའི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་དང་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་རྒྱབ་སྐྱོར། ལྷོ་ལྷོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། བུད་མེད་བྱ་གཞག་ལ་སྐུལ་འདེད་གཏོང་བ། གོ་ལའི་འཕེལ་རྒྱས་གསར་གཏོད་བཅས་ཀྱི་ཐད་ཞི་བདེ་དང་། འཕེལ་རྒྱས། འགན་འཁུར། བྱ་སྤྱོད་ལ་གཙིགས་ཆེན་བཅས་བྱེད་མཁན་གྱི་རྒྱལ་སྤྱིའི་གཟུགས་བརྙན་མངོན་པ་བྱས་ཡོད།
         དམིགས་བསལ་ལོ་ཟླ་དེ་དག་ནང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་ཡར་རྒྱས་དང་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཅིང་། འདི་ལོ་ཤར་ཚུན། གནམ་གཤིས་འགྱུར་ལྡོག་དང་། རྒྱུན་མཐུད་འཕེལ་རྒྱས། དབྱི་རན་གྱི་ཉིང་རྡུལ་སོགས་ཀྱི་གནད་དོན་ཐད་ཕྱོགས་མང་ཕྱི་འབྲེལ་གྱི་འབད་བརྩོན་འོག་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
         2015ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་ཀྱི་དུས་བཅད་ཐིམ་ཟིན། ཟླ་9ཚེས་25ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དབུ་ཚོགས་ཐོག་ཁོངས་མིའི་རྒྱལ་ཁབ་193གྱིས་ཐུན་མོང་ཐོག་གྲུབ་འབྲས་རང་བཞིན་གྱི་ཡིག་ཆ་སྟེ།《2030ལོའི་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་》བཞག་ཡོད། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་17དང་ཞིབ་ཕྲའི་དམིགས་ཚད་169ཚུད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་དེས་ཕྱོགས་ཁག་གིས“རྒྱལ་མཚམས་དང་དུས་ཐུང་ཁེ་ཕན་གྱི་མིག་རྒྱང་ལས་ངེས་པར་དུ་བརྒལ་ཏེ་ཕུགས་ཇུས་བྱེད་ཐབས་ཀྱི་ཐོག་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུར”སྐུལ་འདེད་བཏང་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་སེམས་ནང་འོད་སྣང་སྦྱིན་ཡོད།
         སྐབས་བདུན་ཅུ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ལུའུ་ཁེ་ཐའོ་ཕུའུ་ཐེས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་གསར་པའི་ཆ་འཕྲིན་གྱིས་བརྒྱུད་སྤྲོད་བྱེད་པ་ནི། རྒྱལ་ཁབ་ནང་ཁུལ་དུ་འདྲ་མཉམ་མེད་པའི་གནས་ཚུལ་དང་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འདྲ་མཉམ་མེད་པའི་གནས་ཚུལ་མེད་པ་བཟོ་རྒྱུ་དེ་ཡིན་ཞེས་བཤད་ཡོད།
         ཟླ་10ཚེས་24ཉིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་དེར། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་དོན་ལྔས་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་300བཏོན་པ་དེ་ཐོག་ནས་མིའི་རིགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་བཅོལ་བ་མཚོན་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་བདུན་ཅུ་འཁོར་བ་གཉིས་ལ་དྲན་གསོ་ཞུ་བའི་དོན་སྙིང་ནི། 《མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་》གྱི་དམིགས་ཡུལ་དང་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཞི་བདེ་དང་བདེ་འཇགས་ཀྱི་འབོད་སྒྲ་དང་སྟོབས་ཤུགས་འཛམ་གླིང་ལ་བརྒྱུད་བསྒྲགས་བྱ་རྒྱུར་སྐུལ་འདེད་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་སྙིང་སྟོབས་ཀྱིས་མུ་མཐུད་དེ་འཛམ་གླིང་གི་འབྱུང་འགྱུར་ལ་སྣེ་ཁྲིད་བྱས་ཏེ་མི་རྣམས་ལ་ཆག་སྒོ་མི་ཡོང་བ་དང་། འཕེལ་རྒྱས་ཐོབ་པ། ལ་རྒྱ་ཡོད་པ་བཅས་ཀྱི་འོད་ཟེར་ལྡན་པའི་མདུན་ལམ་ཐུན་མོང་ཐོག་གཏོད་རྒྱུ་དེ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།