འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་ཁོངས་སུ་ལོ་དུང་ཕྱུར་1.8ཡར་སྔོན་གྱི་ཁུང་འབྲུག་གི་འགྱུར་རྡོ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུན་ནན་ཞིང་ཆེན་ཁོངས་སུ་ལོ་དུང་ཕྱུར་1.8ཡར་སྔོན་གྱི་ཁུང་འབྲུག་གི་འགྱུར་རྡོ་རྙེད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ཡུན་ནན་ཞིང་ཆེན་ལུའུ་ཧྥེང་རྫོང་དུ་ད་ལྟའི་བར་ལོ་དུང་ཕྱུར་1.8ཡོད་པའི་སྐབས་ཀྱི་ཁུང་འབྲུག་གི་འགྱུར་རྡོ་གཉིས་རྙེད་པ་རེད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་མེད་པའི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡི་ཆེད་མཁས་པས་ཟླ་12ཚེས་7ཉིན་འགྱུར་རྡོ་རྙེད་ས་དངོས་སུ་གསལ་འབྱེད་རིགས་དཔག་ཐོག་མར་བྱས་པ་ལྟར་ན། ཁུང་འབྲུག་གི་འགྱུར་རྡོ་དེ་གཉིས་སོ་སོར"ལུའུ་ཧྥེང་འབྲུག་ཆེ་གྲས"དང"ལུའུ་ཧྥེང་འབྲུག་ཞུས་ཧྲི"ཡིན་པར་ངོས་འཛིན་བྱས་པ་རེད།
         ལུའུ་ཧྥེང་རྫོང་རྒྱལ་ཁོངས་ཐོན་ཁུངས་ཅུས་ས་གཤིས་ཤུལ་རྗེས་སྲུང་སྐྱོང་དོ་དམ་སུའོ་ཡི་སུའོ་ཀྲང་ཝང་ཐའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། གསར་རྙེད་བྱུང་བའི“ལུའུ་ཧྥེང་འབྲུག་ཆེ་གྲས”དེ་ནི་རྒྱབ་རུས་13དང་། མཚང་རུས་3 གཡས་གཡོན་གྱི་སྟ་ཟུར་རུས་པ། མདོ་རུས། ལྟག་རུས་ཆ་ཚང་། ཚང་རའི་རུས་པ་22བཅས་རྙེད་ཡོད་པ་རེད། ཟླ་སྔོན་མར་ལུའུ་ཧྥེང་རྫོང་ཁུང་འབྲུག་རྟེན་རྫས་བཤམས་མཛོད་ཁང་གི་ཚན་རིག་རྟོག་ཞིབ་མི་སྣ་ཚོས་ཚན་རིག་རྟོག་ཞིབ་བྱེད་སྐབས“ལུའུ་ཧྥེང་འབྲུག་ཆེ་གྲས”རྙེད་ས་དེ་དང་བར་ཐག་སྨི་ཧ་ལམ་500ཡོད་པའི་རི་མགོ་ཞིག་ཏུ་ཡང“ལུའུ་ཧྥེང་འབྲུག་ཞུས་ཧྲི”ཞེས་པའི་འགྱུར་རྡོ་རྙེད་པ་རེད།
    ༄༅།།ཡུན་ནན་ཞིང་ཆེན་ཁོངས་སུ་ལོ་དུང་ཕྱུར་1.8ཡར་སྔོན་གྱི་ཁུང་འབྲུག་གི་འགྱུར་རྡོ་རྙེད་པ།
      

    ཕྱོགས་བསྡུས་གསར་འགྱུར།