འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲི་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་བྱེད་
    འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་09ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ལམ་ཐག་སྤྱི་ལེ་45.22ཡོད་ཅིང་མ་དངུལ་བསྡོམས་འབོར་དུང་ཕྱིར་28.45བཏང་བའི་ཉིང་ཁྲི་གྲོང་ཁུལ་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་བཟོས་གྲུབ་ནས་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱེད་འགོ་བརྩམས་ཤིང་། འདི་ཡིས་ཉིང་ཁྲི་གྲོང་ཁུལ་ནས་སྨན་གླིང་གནམ་ཐིང་བར་གྱི་ལམ་འགྲོ་དུས་ཚོད་ཐུང་དུ་མང་པོ་བཏང་བ་རེད།
         ཉིང་ཁྲིར“བོད་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད་”ལྟ་བུ་ཞེས་པའི་མཚན་སྙན་ཡོད་ཅིང་། ཡར་ཀླུང་གཙང་པོའི་རོང་ཆེན་དང་། གནམ་ལྕགས་འབར་བ། ཀླུ་ནང་གྲོང་རྡལ་སོགསམཛེས་ལྗོངས་ཁུལ་གྲགས་ཅན་གྱི་ས་ལོ་ལྟར་ཡུལ་སྐོར་བ་མང་པོ་འགུགས་བཞིན་ཡོད། གཞུང་ལམ་འདིར་རླངས་འཁོར་ཤར་གཏོང་བྱས་པ་འདི་ཡིས་ཉིང་ཁྲི་གྲོང་ཁྱེར་གྱིས་ལངས་ལངས་གཟུགས་ཀྱི་ཕན་ཚུན་སྣོལ་བའི་འགྲུལ་དྲ་བ་བསྐྲུན་རྒྱུ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།