འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མིག་མངས་ཀ་པ་རིམ་པའི་མཉམ་འབྲེལ་འགྲན་བསྡུར་ལྷ་སར་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་མིག་མངས་ཀ་པ་རིམ་པའི་མཉམ་འབྲེལ་འགྲན་བསྡུར་ལྷ་སར་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན། 2015ལོའི་ཀྲུང་གོའི་མིག་མངས་ཀ་པ་རིམ་པའི་མཉམ་འགྲན་གྱི་རེས་སྐོར་19པའི་ལྷ་སའི་ས་གཙང་ཆེད་དོན་འགྲན་བསྡུར་དེ་གཟབ་རྒྱས་ངང་མཇུག་འགྲིལ་བ་དང་། ཧྲན་ཏུང་ཅིང་ཀྲི་ཨ་རག་ལས་རིགས་རུ་ཁག་གིས་འགྲན་ཐེངས་དང་པོར་ཀྲུང་གོ་སྒུལ་བདེ་ཧྲང་ཧའེ་རུ་ཁག་དང་འགྲན་བསྡུར་བྱས་མཐར། ཧྲན་ཏུང་རུ་ཁག་གིས་བསྡུར་གྲངས་3བསྡུར་1གི་ཐོག་ནས་ཧྲང་ཧའེ་རུ་ཁག་ལས་རྣམ་པར་རྒྱལ་བ་རེད། ད་ཐེངས་འགྲན་བསྡུར་དུས་ཚིགས་ཀྱི་སྐར་གསོག་མཇུག་ཏུ་གནས་པའི་ཧྲང་ཧའེ་རུ་ཁག་གི་རིམ་སྲུང་ལམ་བུ་སྔར་བས་དཀའ་ཚེགས་ཆེ་བར་གྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།