འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།“རྐུབ་སྟེགས་ཆུང་ཆུང”ཞེས་པའི་སྒྲོག་འགྲེལ་ཚོགས་པས་སྡེ་ཁུལ་དུ་བསྐྱོད་དེ་ཏང་གི་
    གསུང་སྒྲ་དྲིལ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།“རྐུབ་སྟེགས་ཆུང་ཆུང”ཞེས་པའི་སྒྲོག་འགྲེལ་ཚོགས་པས་སྡེ་ཁུལ་དུ་བསྐྱོད་དེ་ཏང་གི་
གསུང་སྒྲ་དྲིལ་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀོང་ཨན་ཆུས་སུ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་གྲོང་ཚོའི་སྡེ་ཁུལ་ལས་བྱེད་པ་དང་དེ་བཞིན་མང་ཚོགས་ཀྱི་འཐུས་མི་བཅས་ཁྱོན་མི་2000ལྷག་ཙམ་ལས་གྲུབ་པའི་རྐུབ་སྟེགས་ཆུང་ཆུང་གི་སྒྲོག་འགྲེལ་ཚོགས་པ་བཙུགས་པ་རེད། སྒྲོག་འགྲེལ་ཚོགས་པ་དེ་ཡན་ལག་རུ་ཆུང548ལ་ཕྱེ་ཡོད་པ་དང་རུ་མི་ཚོས་སྡེ་ཁུལ་དང་གྲོང་གསེབ་ཀྱི་སྒོ་རའི་ནང་བསྐྱོད་ནས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ངང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།
         2015ལོའི་ཟླ་11ཚེས་7ཉིན་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་ཀོང་ཨན་ཆུས་ཀོང་ཧྥུའུ་ཁྲོམ་གཞུང་ཤིས་ཤི་སྡེ་ཁུལ་འཛམ་གླིང་དངོས་མང་སྟོན་ཚོགས་མེ་ཏོག་ལྡུམ་རའི་ཁུལ་ཆུང་དུ“རྐུབ་སྟེགས་ཆུང་ཆུང”གི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། སྒྲིག་ཨུད་ཧྲུའུ་ཅི་བཅས་ཡིན་པའི་ལིའུ་ཆིང་ཧྭ་(ལག་ཏུ་ཚགས་པར་འཁྱེར་བ)ཡིས་སྡེ་ཁུལ་གྲོང་མིར་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།