འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ཐོག་མར་འཚོང་གཉེར་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་09ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ཐོག་མར་འཚོང་གཉེར་བྱེད་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་དགེ་ཕན་ཁང་དུ་བོད་ལྗོངས་ཀྱི་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ཐོག་མའི་སྒོ་བྱང་བཀལ་ནས་འཚོང་གཉེར་བྱེད་འགོ་བརྩམས་པ་རེད། སྒོ་རྩིས་ཚོང་ཁང་འདི་ནི་ལྷ་ས་གྲོང་ཁྱེར་གྱི་དམངས་སྲིད་ཅུས་དང་ལྷ་ས་གྲོང་ཁྱེར་གྱི་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་མཉམ་དུ་གསར་གཉེར་བྱས་ཤིང་མ་དངུལ་ཁྲི་400བཏང་བ་དང་། ས་ཁྱོན་སྨི་གྲུ་བཞི་མ་135བཟུང་ཡོད་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། དགེ་སྒྲུབ་སྒོ་རྩིས་ཚོང་ཁང་འདི་ནི་སྤྱི་ཚོགས་རོགས་སྐྱོར་ཞལ་འདེབས་འབུལ་བའི་རྣམ་པ་གསར་པའི་ཐོག་ནས་གཉེར་ཞིང་། དམིགས་ཡུལ་ནི་གྲོང་ཁྱེར་ནང་གི་དཀའ་ངལ་ཆེ་བའི་མང་ཚོགས་ལ་རྒྱུན་ལྡན་རང་བཞིན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་རིམ་པ་མི་འདྲ་བའི་དགོས་མཁོ་སྐོང་ཐབས་བྱེད་རྒྱུ་རེད། ཤེས་གསལ་ལྟར་ན། དགེ་སྒྲུབ་སྒོ་རྩིས་ཚོང་ཁང་དེ་ལོ་གཉིས་ཀྱི་ནང་དུ་ལྷ་ས་གྲོང་ཁྱེར་ཡོངས་སུ་ཁེབས་པར་བྱས་ཏེ་རྫོང་དང་ཆུས་རེ་རེ་ཚང་མར་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་རེ་ཡོད་པར་བྱེད་རྒྱུ་རེད།
    ༄༅།།བོད་ལྗོངས་ཀྱི་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ཐོག་མར་འཚོང་གཉེར་བྱེད་འགོ་བརྩམས་པ།
    ༄༅།།བོད་ལྗོངས་ཀྱི་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ཐོག་མར་འཚོང་གཉེར་བྱེད་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།