འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བྲག་ཡིབ་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་ཤར་གཏོང་གི་ཚོད་ལྟ་བྱས་པ།

    —— ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་45.22ཟིན་པ་དང་སྤྱིའི་མ་འཇོག་སྒོར་དུང་ཕྱུར་28.45ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 08:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་5ཉིན་གྱི་སྔ་དྲོ་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་45.22ཟིན་པ་དང་སྤྱིའི་མ་འཇོག་སྒོར་དུང་ཕྱུར་28.45ཟིན་པའི་ཉིང་ཁྲིའི་བྲག་ཡིབ་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་བསྐྲུན་ཟིན་ནས་ཤར་གཏོང་བྱེད་པའི་ཚོད་ལྟ་བྱས་པ་རེད།
         ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་45.22ཡོད་པའི་ཉིང་ཁྲིའི་བྲག་ཡིབ་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་གྱི་འགོ་བྲག་ཡིབ་གྲོང་རྡལ་ཟམ་གཉིས་ཀྱི་ཟམ་སྣེ་ནུབ་མའི་སྣེ་ནས་སྨན་གླིང་གནམ་ཐང་དུ་བསྐྱོད་པའི་ལམ་དང་ཞིང་ཆེན་ལམ་306དང་འབྲེལ་མཚམས་བར་རེད། སྤྱིའི་མ་འཇོག་སྒོར་དུང་ཕྱུར་28.45ཟིན་པ་དང་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཡིན་པ་དང་། ལམ་ཧྲིལ་པོར་རིམ་པ་དང་པོའི་གཞུང་ལམ་གཞོགས་གཉིས་ལ་འཁོར་ལམ་བཞིའི་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད་པ་དང་ལམ་གཞིའི་ཞེང་ཚད་ལ་སྨིད་21.5ཡོད་པ་དང་དུས་མཚུངས་གཞུང་ལམ་འདི་ཉིད་ཞིང་ཆེན་ལམ་306དང་། རྒྱལ་ལམ་318 སྨན་རི་གཞུང་ལམ། སྒང་ཕད་གཞུང་ལམ་བཅས་སྦྲེལ་མཐུད་བྱས་ཡོད་པ་རེད།
         རླངས་འཁོར་ཤར་གཏོང་ཐུབ་ནས་དར་ཚོན་བྲེགས་པའི་མཛད་སྒོའི་ཐོག་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཉང་ངུ་གྲོང་ཚོའི་ཚུན་ཀྲང་ཚེས་གསུམ་གྱིས“ད་ཆ་ལམ་ཇི་ཙམ་བཟོས་པ་དེ་ཙམ་གྱིས་ཡག་ཏུ་སོང་ནས་ང་ཚོ་མི་སེར་ཚོ་ཕྱིར་སྐྱོད་སྐབས་དེ་བས་སྟབས་བདེ་པོ་འདུག རྒྱལ་ཁབ་ཀྱིས་མ་དངུལ་མང་པོ་བཏང་ནས་ང་ཚོར་ལམ་བཟོས་པས་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལ་མི་སེར་ཚོས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།