འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་བུ་ལོན་འགོ་ཐུག་ཐེབས་རྩ་ཐོག་མ་དེ་འཁོར་རྒྱུག་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་དང་། མཚོ་ཤར་བཟོ་ལས་གླིང་། ཕུའུ་ཧྥ་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་བཅས་དབར་འཐབ་ཇུས་མཉམ་ལས་དང་སྲིད་གཞུང་གི་བུ་ལོན་འགོ་ཐུག་ཐེབས་རྩའི་ལས་སྒོ་མཉམ་ལས་བྱ་རྒྱུའི་ཐད་དངོས་སུ་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སྲིད་གཞུང་གི་བུ་ལོན་འགོ་ཐུག་ཐེབས་རྩ་ཐོག་མ་དེ་འཁོར་རྒྱུག་བྱེད་འགོ་ཚུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་སྲིད་གཞུང་གི་བུ་ལོན་འགོ་ཐུག་ཐེབས་རྩ་དེའི་གཞི་ཁྱོན་སྒོར་དུང་ཕྱུར་30.03ཟིན་པ་དང་། དུས་བཀག་ལོ་8ཡིན་པར་རིགས་དང་པོའི་སྲིད་གཞུང་གི་བུ་ལོན་འཇལ་བའི་ཐད་སྤྱོད་པ་དང་། བུ་ལོན་གྱི་དཀའ་གནད་བསལ་ནས་མཚོ་ཤར་བཟོ་ལས་གླིང་གི་རྣམ་གྲངས་གལ་ཆེན་ཁག་གཅིག་ལ་མ་དངུལ་གྱི་རོགས་སྐྱོར་དང་ལག་བསྟར་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
         ཕྱོགས་གཉིས་པོའི་དབར་གྲོས་ཆོད་གཞིར་བཟུང་། ཕུའུ་ཧྥ་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་ཤར་གྲོང་ཁྱེར་ལ་བསྡོམས་སྒོར་དུང་ཕྱུར་300ཡི་ཐད་ཀའི་མ་དངུལ་བསྡུ་སྒྲིལ་དང་བར་བརྒྱུད་མ་དངུལ་བསྡུ་སྒྲིལ་དངུལ་རྩའི་ཞབས་ཞུ་བྱ་རྒྱུ་དང་འབྲེལ། མཚོ་ཤར་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོང་། འགྲིམ་འགྲུལ་འཛུགས་སྐྲུན། ཆུ་བེད་འཛུགས་སྐྲུན། དབུལ་སྐྱོར་གསར་སྤེལ། གཏེར་ཐོན་ཐོན་ཁུངས་གསར་སྤེལ། སྤྱི་སྤྱོད་བྱ་གཞག་སོགས་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཁྲོད་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།