འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་གཤིས་དྲོ་རུ་སོང་ནས་མཚོ་སྔོན་གྱི་རྨ་ཆུའི་སྟོད་རྒྱུད་དུ་ལོ་ཕྱེད་བསྟུད་མར་
    ཆུ་ཁ་དམའ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་ཟླ་4པ་ནས་10པའི་རིང་གནམ་གཤིས་དྲོ་རུ་སོང་བའི་དབང་གིས་རྨ་ཆུའི་སྟོད་རྒྱུད་དུ་བསྟུད་མར་ཆུ་ཁ་དམའ་རུ་ཕྱིན་པ་དང་། ཉེ་འཁོར་གྱི་ཞིང་འབྲོག་ལས་སྡེ་ཚན་གྱི་ཐོན་སྐྱེད་དང་ཆུ་ཤུགས་གློག་འདོན་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་གནམ་གཤིས་དབྱེ་ཞིབ་ཁའོ་ཡི་ཞིབ་འཇུག་པ་ཏའེ་ཧྲེན་གྱིས། དུས་འགོར་ཆར་བ་འབབ་ཚད་ཉུང་བའི་རྐྱེན་གྱིས་རྨ་ཆུའི་སྟོད་རྒྱུད་ས་ཆའི་ཆུ་རྒྱུག་ཚད་ཟླ་4པ་ནས་བཟུང་བསྟུད་མར་ཆུང་དུ་སོང་བ་དང་། ཟླ་8པ་ཤར་ཚུན་མཚོ་སྔོན་ཤར་རྒྱུད་ཀྱི་ཞིང་ལས་ས་ཁུལ་ཕལ་ཆེ་བ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་ཁ་ཤས་སུ་ཐན་པ་བསྟན་པའི་རྣམ་པར་སྔར་བཞིན་འགྱུར་ལྡོག་ཕྱིན་མེད་ཅེས་ངོ་སྤྲོད་བྱས་བྱུང་།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འདས་མ་ཐག་པའི་ཟླ་བ་10པའི་རིང་མཚོ་སྔོན་ཡོངས་སུ་གནམ་གཤིས་དྲོ་རུ་སོང་བ་དང་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་4ཡིན་པ་དེ་ནམ་རྒྱུན་དང་བསྡུར་ན་ཧྲེ་ཧྲི་ཏུའུ་1.4ལས་མཐོ་ཙམ་ཡོད་ཅིང་། དྲོད་ཚད་དེ་སྐབས་ཤིག་རིང་ལོ་རྒྱུས་ཀྱི་ཆེས་གྲངས་ཐང་དུ་སླེབས་ཁར་ཕལ་ཆེ་བར་ཆར་པ་འབབ་ཚད་ཉུང་བས་རྨ་ཆུའི་སྟོད་རྒྱུད་དུ་ཆུ་དཀོན་ཚབས་སྔར་བས་ཇེ་ཆེར་གྱུར།
         རྨ་ཆུའི་ཆུ་ཁུངས་གཙོ་བོ་སྟེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་གི་ཐང་ནག་ཆུ་དཔྱད་ས་ཚིགས་ཀྱི་ལྟ་སྐུལ་ཚད་ལེན་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་4པ་ནས་10པའི་རིང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆ་སྙོམས་བཞུར་ཚད་ནི་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་635.3ཟིན་པ་དང་། ཆུ་རྒྱས་ཚད་དེ་ནམ་རྒྱུན་དང་བསྡུར་ན་བཅུ་ཆའི་གསུམ་ཙམ་དམའ་རུ་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།