འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོའི་ལྷ་མོ་《ཐང་སྟོང་རྒྱལ་པོ་》ནས་བོད་རྒྱ་མི་རིགས་ཀྱི་རིག་གནས་སྤེལ་རེས་
    ལོ་རྒྱུས་དང་སྲོལ་རྒྱུན་མངོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་ཟློས་གར་ཁང་ཆེ་མོའི་ནང་མི་ཚོགས་ཀྱིས་ཁེངས་པ་དང་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྡིར་བ་ལྟར་གྲགས་བཞིན་ཡོད། ཀན་ལྷོ་ཀྲོའུ་བོད་རིགས་གླུ་གར་ཚོགས་པས་གསར་རྩོམ་དང་འཁྲབ་སྦྱོང་བྱས་པའི་ལྷ་མོའི་རྣམ་ཐར་ཆེ་གྲས་《ཐང་སྟོང་རྒྱལ་པོ་》ཞེས་པ་དེས་བོད་རིགས་ས་ཁུལ་མི་དམངས་ཀྱི་འཚམས་འདྲི་དང་སྨོན་འདུན་མཚོན་བཞིན་དུ་རྒྱལ་ས་པེ་ཅིང་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་ལྷན་འཛོམས་འཁྲབ་སྟོན་ནང་ཞུགས་པ་དང་མི་རིགས་རིག་གནས་ཕོ་བྲང་གི་ཟློས་གར་ཁང་ཆེ་མོར་འཁྲབ་སྟོན་ཐེངས་དང་པོ་བྱས་ནས་རྒྱལ་སའི་མི་དམངས་ལ་ངོ་མཚར་ཆེ་བའི་རིག་རྩལ་སྟོན་མོ་ཞིག་བཤམས་པ་རེད།
         《ཐང་སྟོང་རྒྱལ་པོ་》ཞེས་པ་དེས་བོད་རིགས་ལོ་རྒྱུས་ཐོག་གི་དངོས་ཡོད་མི་སྣ་དང་གནས་ཚུལ་དེ་གཙོ་བོར་བྱས་ནས་བོད་རིགས་ལོ་རྒྱུས་ཐོག་གི་ཟམ་པ་བཟོ་སྐྲུན་མཁས་ཅན་དང་། ལྷ་མོའི་སྲོལ་གཏོད་པ། བོད་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་ཐང་སྟོང་རྒྱལ་པོས་སྐུ་ཚེ་ཧྲིལ་པོར་སྐྱེ་འགྲོ་ཀུན་ལ་བྱམས་སྙིང་རྗེ་བཅངས་ནས་མཛད་འཕྲིན་རླབས་པོ་ཆེ་བཏོད་ལུགས་མཚོན་པ་དང་། མཚོ་བོད་ས་མཐོའི་མིའི་རིགས་ཀྱི་རིག་གནས་ཡར་ཐོན་གྱི་ལོ་རྒྱུས་མཚོན་རྟགས་དང་དཀའ་བ་ཚད་མེད་སྤྱད་པའི་ལོ་རྒྱུས་གསོན་ཉམས་དོད་པོས་མཚོན་པ། ལོ་500ལྷག་ཙམ་གོང་བོད་རྒྱ་མི་རིགས་དབར་རིག་གནས་སྤེལ་རེས་བྱེད་པའི་ལོ་རྒྱུས་སླར་ཡང་མཚོན་པ། བོད་རྒྱ་མི་རིགས་མཐུན་སྒྲིལ་དང་ཕུལ་བྱུང་སྤྱི་ཚོགས་ཀྱི་ལོ་རྒྱུས་སྲོལ་རྒྱུན་མངོན་པ་བཅས་བྱས་ཡོད། ལྷ་མོ་དེ་རྩོམ་སྒྲིག་འཁྲབ་སྦྱོང་བྱེད་པར་ལོ་གཅིག་ལྷག་ཙམ་འགོར་བ་དང་མ་དངུལ་སྒོར་ཁྲི་150ལྷག་ཙམ་བཏང་ཡོད།
         ད་ཐེངས་པེ་ཅིང་དུ་ལྷ་མོ་འཁྲབ་སྟོན་བྱས་པ་ནི་ཀན་ལྷོ་ཀྲོའུ་བཙུགས་ནས་ལོ་62རིང་གི་ཐོག་མ་ཡིན་པས་བོད་རིགས་ས་ཁུལ་ཡོངས་ཀྱི་ལྷ་མོ་གསར་རྩོམ་དང་བརྩམས་ཆོས་ལེགས་པོ་ཐོན་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པ་ཐོན་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།