འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཀྱིས་རྒྱ་བོད་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་
    ཡར་ཐོན་ལ་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་དང་། སི་ཁྲོན་ཞིང་ཆེན་ལྟེ་བའི་དཔེ་མཛོད་ཁང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། དཀར་མཛེས་ཀྲོའུ་རིག་གནས་ལུས་རྩལ་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་གསར་འགྱུར་དཔེ་སྐྲུན་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་དཀར་མཛེས་ཀྲོའུ་དཔེ་མཛོད་ཁང་གིས་སྒྲུབ་འགན་འཁུར་བའི“རྒྱ་བོད་རིག་གནས་སྤེལ་རེས་གླེང་སྟེགས”དར་རྩེ་མདོ་རུ་གཉེར་བ་རེད། ད་རེས་ཀྱི་རིག་གནས་སྤེལ་རེས་ཀྱི་བརྗོད་བྱ་གཙོ་བོ་ནི་རྒྱ་བོད་རིག་གནས་སྤེལ་རེས་ཡག་པོ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་གཏོང་རྒྱུ་དེ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2012ལོའི་ཟླ་10པར་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གིས“རྒྱ་བོད་རིག་གནས་སྤེལ་རེས་བྱེད་སྒོ”སྤེལ་ཚུན། སྔ་རྗེས་སུ་དཀར་མཛེས་ཀྲོའུ་རྟའུ་རྫོང་རྟའུ་མགར་ཐར་དགོན་དང་། གཡུ་ཁོག་དགོན། བྲག་འགོ་རྫོང་ལི་ཁོག་མ་སྟོད་མ་ཤང་ལྟེ་བའི་སློབ་ཆུང་བཅས་སུ་རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་གཞི་རིམ་ཞབས་ཞུའི་དྲ་ཚུགས་བཙུགས་ནས་རྟའུ་རྫོང་རྟའུ་མགར་སློབ་ཆུང་དང་། བྲག་འགོ་རྫོང་ལི་ཁོག་མ་སྟོད་མ་ཤང་ལྟེ་བའི་སློབ་ཆུང་། སོན་ཨོན་དགོན་བཅས་སུ་སྐོར་སྐྱོད་དཔེ་མཛོད་ཁང་བསྐྲུན་པ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དཀར་མཛེས་མི་དམངས་ལ་རྒྱ་བོད་སྐད་གཉིས་གློག་རྡུལ་སློབ་དེབ་དང་དེ་བཞིན་བོད་རིགས་ས་ཁུལ་ལ་འཚམས་པའི་རིག་གནས་ལོ་རྒྱུས་དང་། སྤྱོད་གོ་ཆོད་པའི་ལག་རྩལ། བཅའ་ཁྲིམས་ཁྲིམས་སྲོལ་སོགས་རྒྱ་བོད་སྐད་གཉིས་ཐོན་ཁུངས་མཁོ་འདོན་བྱས་ཏེ་རྒྱ་བོད་རིག་གནས་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་པར་དཀར་མཛེས་ཀྱི་རྒྱ་ཆེའི་མི་དམངས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།