འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་སློབ་གསོའི་དབུལ་སྐྱོར་ཁྱོན་ཡོངས་ལ་ཁྱབ་པའི་བྱ་སྤྱོད་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་མཚོ་ཤར་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་དུ་སློབ་གསོའི་དབུལ་སྐྱོར་ཁྱོན་ཡོངས་ལ་ཁྱབ་པའི་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གི་ནུས་ཤུགས་བཏོན་ནས་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་དཀྱུས་མ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དབུལ་པོའི་ཁྱིམ་ཚང་གི་སློབ་མ་བཅས་རིམ་པ་7གྱི་ཁྱབ་ཁོངས་སུ་རོགས་སྐྱོར་འབྲེལ་བ་འཛུགས་པ་དང་ས་ཁུལ་དབུལ་པོའི་སློབ་གྲྭ་ཚང་མ་དང་། དགེ་རྒན་མི་རེ་ངོ་རེ། སློབ་མ་མི་རེ་ངོ་རེ་དང་། དེ་བཞིན་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཚང་མར་ཁྱབ་པའི་ས་ཁུལ་དབུལ་པོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།
         སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་སུ། རྫོང་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་གྲོང་ཁུལ་གྱི་གཞུང་བཙུགས་བུ་བཅོལ་ཁང་དང་སྤུས་ལེགས་དམངས་བཙུགས་བུ་བཅོལ་ཁང་གིས་ཤང་དང་གྲོང་རྡལ་གྱི་ལྟེ་བའི་བུ་བཅོལ་ཁང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་། ཤང་དང་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་གིས་ཤང་དང་། གྲོང་རྡལ། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་རྫོང་ཁོངས་སུ“རྫོང་རེས་ཤང་རེ”དང་“ཤང་རེས་གྲོང་ཚོ་རེའི”རིམ་གཉིས་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པ་དང་། འོས་འགན་སློབ་གསོའི་དུས་མཚམས་སུ། གྲོང་ཁྱེར་དང་ཀྲོའུ་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་གྲོང་ཁྱེར་དང་ཀྲོའུ་རིམ་པའི་འོས་འགན་སློབ་གསོའི་སློབ་གྲྭ་དང་ཁོངས་གཏོགས་ཁུལ་གྱི་སྤུས་ལེགས་འོས་འགན་སློབ་གསོའི་སློབ་གྲྭས་རྫོང་རིམ་པའི་གྲོང་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭར་རོགས་སྐྱོར་བྱེད་རྒྱུའི་སྤྱི་འདོམས་བཀོད་སྒྲིག་བྱས་པ། རྫོང་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་གྲོང་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭས་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་རྒྱུའི་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་། ཤང་དང་གྲོང་རྡལ་གྱི་ལྟེ་བའི་སློབ་གྲྭ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་སུ་ཁ་གཏད་རོགས་སྐྱོར་བྱས་ཏེ་རྫོང་ཁོངས་ནང་དུ“གྲོང་ཁྱེར་(ཀྲོའུ)རེས་རྫོང་རེ”དང“རྫོང་རེས་ཤང་རེ”“ཤང་རེས་གྲོང་ཚོ་རེ”བཅས་རིམ་གསུམ་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པ། མཐོ་རིམ་སློབ་འབྲིང་དཀྱུས་མའི་དུས་མཚམས་སུ། ས་ཁུལ་ཁོངས་གཏོགས་ཀྱི་སྤུས་ལེགས་མཐོ་རིམ་སློབ་འབྲིང་གིས་རྫོང་དབུལ་པོའི་མཐོ་རིམ་སློབ་འབྲིང་དཀྱུས་མར་ཁ་གཏད་རོགས་སྐྱོར་བྱས་ཏེ་རྫོང་ཁོངས་སུ“ཞིང་ཆེན་རེས་རྫོང་རེ”དང་“གྲོང་ཁྱེར་(ཀྲོའུ)རེས་རྫོང་རེའི”“གཉིས་རོགས་གཅིག”གི་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པ། ལས་རིགས་སློབ་གསོའི་དུས་མཚམས་སུ། རྒྱལ་ཁབ་འབྲིང་རིམ་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་དཔེ་སྟོན་སློབ་གྲྭའི“གཅིག་རོགས་གཅིག”གི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྫོང་ཁག་གི་འབྲིང་རིམ་ལས་རིགས་སློབ་གྲྭས་གྲོང་ཁྱེར་དང་ཀྲོའུ་ཁོངས་གཏོགས་ནང“ལས་རིགས་སློབ་གསོའི་ཚོགས་པ་རེས་གྲོང་ཁྱེར་དང་ཀྲོའུ་རེ”དང“དཔེ་སྟོན་སློབ་གྲྭས་རྫོང་རེའི”རིམ་གཉིས་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པ། མཐོ་རིམ་སློབ་གསོའི་དུས་མཚམས་སུ། “ཁོངས་གཏོགས་མཐོ་སློབ་སློབ་གྲྭའམ་ཡང་ན་ཤར་རྒྱུད་མཐོ་སློབ་གཅིག་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ་གཅིག་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་མཐོ་སློབ་གཅིག་ལ་ཁ་གཏོད་རོགས་སྐྱོར་བྱས་ཏེ་ཞིང་ཆེན་ཁོངས་གཏོགས་ནང་ཚོགས་པའི་རྣམ་པའི་ཐོག་ནས་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པ། རྒྱུན་མཐུད་སློབ་གསོའི་དུས་མཚམས་སུ། ས་ཁུལ་དབུལ་པོའི་གྲོང་གསེབ་ལ་ཕྱོགས་ཏེ་སྤྱི་པའི་རང་བཞིན་གྱི་རྒྱུན་མཐུད་སློབ་གསོ་སྤེལ་ནས“གྲོང་ཚོ་གཅིག་ལ་སློབ་ཆེན་སློབ་མ་གཅིག་རེ་ཡོད་པའི་འཆར་གཞིའི”རྒྱལ་ཁབ་ཀྱི་སྒོ་དབྱེའི་སློབ་ཆེན་གྱི་རིམ་སྤོར་བྱ་ཐབས་སྤྱད་དེ་ཁུལ་དེའི་རྫོང་གི་སྲིད་འཛིན་གྲོང་ཚོ་ཚང་མར་རྗེས་གྲབས་ལས་བྱེད་པ་དང་། ལས་གཏོད་གཞོན་ནུ། ཕྱུག་འགྱུར་སྣེ་ཁྲིད་པ་མང་དག་ཅིག་གསོ་སྐྱོང་བྱས་ཡོད།
         དུས་མཚུངས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གཞིགས་ཏེ་སློབ་ཆེན་དང་བླངས་པས་ནུབ་རྒྱུད་ལ་ཞབས་འདེགས་ཞུ་བའི་འཆར་གཞི་དང་དབྱར་ཁའི་གུང་གསེང་གི་སྐབས་སུ་གཤམ་སྐྱོད་གསུམ་གྱི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སོགས་བྱེད་སྒོ་སྤེལ་བར་དམིགས་ཏེ། སློབ་ཆེན་དང་བླངས་པ་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་སློབ་མའི་དབར་ལ“གཅིག་རོགས་གཅིག”གི་ཡུན་རིང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་སློང་བྱས་ཡོད། སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུར་སྐུལ་མ་བཏང་བ་དང་སྤྱི་ཚོགས་ཀྱི་དང་བླངས་པ་དང་ཁུལ་དེའི་དཀའ་ངལ་ཡོད་པའི་སློབ་མའི་དབར་ལ“གཅིག་རོགས་གཅིག”གི་ཡུན་རིང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་སློང་བྱས་ཡོད། རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་སྤྱི་དང་དགེ་རྒན་གྱིས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར“གཅིག་རོགས་གཅིག”གི་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་རྒྱུའི་སྤྱི་འདོམས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།