འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་རྗེས་མ་ནས་བཟུང་པོ་ཏ་ལར་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་སྒོ་འཛིན་འཚོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར། ཟླ་11ཚེས་1ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་སྒོ་འཛིན་འཚོང་འགོ་འཛུགས་རྒྱུ་དང་ཡུལ་སྐོར་བ་མང་བའི་དུས་ཀྱི་མི་ཐེངས་རེར་སྒོར་200ནས་མི་ཐེངས་རེར་སྒོར་100བར་ཉུང་དུ་གཏོང་རྒྱུ་རེད།
         མིག་སྔར་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་དེ་ཡུལ་སྐོར་བ་མང་བའི་དུས་དང་ཡུལ་སྐོར་བ་ཉུང་བའི་དུས་གཉིས་སུ་ཕྱེ་བ་དང་། ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར་ཡུལ་སྐོར་བ་མང་བའི་དུས་ཀྱི་སྒོ་འཛིན་རིན་གོང་དང་ཟླ་11ཚེས་1ཉིན་ནས་ཟླ་4ཚེས་30ཉིན་བར་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་སྒོ་འཛིན་རིན་གོང་དུ་གཏན་འཁེལ་བྱས་ཡོད། ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་དེ་མན་གྱི་སློབ་མ་དང་། རྒྱལ་ནང་གི་དབང་པོ་སྐྱོན་ཅན། རྒྱལ་ནང་གི་དམག་ཞབས་ཐིམས་པའི་དམག་མི། རྒྱལ་ནང་གི་དགེ་རྒན། རྒྱལ་ནང་གི་ལོ་60ཡན་གྱི་རྒན་རྒོན་བཅས་ཀྱིས་འབྲེལ་ཡོད་ལག་ཁྱེར་བསྟན་ཚེ་སྒོ་འཛིན་རིན་གོང་གི་ཕྱེད་ཀ་ལས་སྤྲོད་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་དང་གཟུགས་པོའི་རིང་ཚད་སྨི་1.2མན་གྱི་བྱིས་པར་སྒོ་འཛིན་ཉོ་དགོས་ཀྱི་མེད།
      

    ཕྱོགས་བསྡུས་གསར་འགྱུར།