འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་མ་དངུལ་སྒོར་དུང་ཕྱུར་8000བཏང་ནས་དར་གོས་ལམ་བུའི་དཔལ་འབྱོར་
    ཁུལ་གྱི་འགྲིམ་འགྲུལ་འགག་གནད་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀན་སུའུ་ཡིས་མ་དངུལ་སྒོར་དུང་ཕྱུར་8000བཏང་ནས་དར་གོས་ལམ་བུའི་དཔལ་འབྱོར་
ཁུལ་གྱི་འགྲིམ་འགྲུལ་འགག་གནད་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀན་སུའུ་ཞིང་ཆེན་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་ཏེ་འགྲིམ་འགྲུལ་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་བས་གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་གནམ་གྲུ་ཐང་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་ཆབས་ཅིག་ཀན་སུའུ་ཞིང་ཆེན་གྱིས་《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ཀན་སུའུ་དུམ་བུའི“6873”འགྲིམ་འགྲུལ་ཚད་བརྒལ་བྱ་སྤྱོད་ལག་བསྟར་ཇུས་གཞི་》བཏོན་ཞིང་། འཆར་གཞི་ལྟར་ན། 2015ལོ་ནས་བཟུང་གི་ལོ་དྲུག་གི་དུས་ཚོད་ནང་མ་དངུལ་སྒོར་དུང་ཕྱུར་8000བཏང་སྟེ་གཞུང་ལམ་དང་ལྕགས་ལམ་སྤྱི་ལེ་ཁྲི་7ཡན་འཛུགས་སྐྲུན་བྱ་རྒྱུ་དང་ཀན་སུའུ་ཞིང་ཆེན་གྱི་ཕྱི་ཕྱོགས་དང་ནང་ཁུལ་གྱི་གཞུང་ལམ་ཤར་བགྲོད་དང་། ལྕགས་ལམ་སྦྲེལ་མཐུད། མཁའ་ལམ་ཀུན་ཁྱབ་བཅས་ཡོང་བར་བྱས་ནས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་རིང་འགྲིམ་འགྲུལ་ཤར་གཏོང་མི་ཐུབ་པའི་གནད་དོན་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་རེད། འདི་ནི་ཀན་སུའུ་ཞིང་ཆེན་ཐེན་ཧྲུའེ་གྲོང་ཁྱེར་ཁོངས་ནས་པར་དུ་བླངས་པའི་ཧྲེ་(ཡན)ཐེན་(ཧྲུའེ)མྱུར་བགྲོད་གཞུང་ལམ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།