འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སློབ་གསོ་དབུལ་སྐྱོར་ལས་བོད་ལྗོངས་སོགས་ས་ཁུལ་ལ་ཕན་པ་སྔར་ལས་མང་བ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སློབ་གསོ་དབུལ་སྐྱོར་ཡོངས་སུ་ཁྱབ་པའི་སྲིད་ཇུས་དོན་ཚན་20ལག་བསྟར་བྱས་པ་བརྒྱུད་ནས་ཀྲུང་གོས་དབུལ་ཕོངས་ས་ཁུལ་གྱི་སློབ་གྲྭ་ཡོད་ཚད་ལེགས་གཉེར་ཧུར་ཐག་བྱེད་བཞིན་ཡོད་ཅིང་། དེའི་ནང་བྱ་ཐབས་དོན་ཚན་མང་པོ་ཞིག་ཤིན་ཅང་དང་། བོད་ལྗོངས། ཞིང་ཆེན་གཞན་དག་བཞིའི་བོད་ཁུལ་བཅས་ལ་ཕན་པ་ཐོབ་པ་རེད།
         བྱ་ཐབས་འདི་དག་གི་ནང་དུ་བོད་ལྗོངས་སུ་ལོ་15རིང་སློབ་ཡོན་མི་དགོས་པར་སློབ་གསོ་བྱེད་རྒྱུ་དང་། ལོ་རེར་ཕན་པ་ཐོབ་པའི་སློབ་མ་ཁྲི་52.5ཟིན་པ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་15ཟིན་ཞིང་། ཤིན་ཅང་གི་ནན་ཅང་ས་ཁུལ་བཞིར་ལོ་14རིང་སློབ་ཡོན་མི་དགོས་པར་སློབ་གསོ་བྱེད་རྒྱུ་དང་། ལོ་རེར་ཕན་པ་ཐོབ་པའི་སློབ་མ་ཁྲི་190ཟིན་པ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་50ལས་བརྒལ་བ་རེད།
         སི་ཁྲོན་བོད་ཁུལ་གྱི"9+3"སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞིར། 2009ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་གྱིས་བོད་ཁུལ་གྱི་དམའ་རིམ་སློབ་འབྲིང་སློབ་ཐོན་སློབ་མ་དང་མཐོ་སློབ་རྒྱུགས་འཕྲོད་མེད་པའི་མཐོ་རིམ་སློབ་འབྲིང་སློབ་ཐོན་སློབ་མ་ཚོ་སྒྲིག་འཛུགས་བྱས་ཏེ་ནང་སའི་སྤུས་ལེགས་འབྲིང་རིམ་ཆེད་ལས་སློབ་གྲྭར་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོ་ལོ་གསུམ་དང་ལེན་བྱེད་དུ་བཅུག་པ་དེས་སི་ཁྲོན་བོད་ཁུལ་གྱི་སློབ་མ་ཁྲི་5ཙམ་ལ་ཕན་པ་ཐོབ་པ་རེད། དེའི་ནང་87%ཡན་ནི་ཞིང་འབྲོག་པའི་ཁྱིམ་དུད་ཀྱི་ཕྲུག་གུ་ཡིན་པ་དང་། སློབ་མ་ཚོ་ལས་ཞུགས་ཐོག་མ་བྱས་ཚད་98%ཟིན་ཡོད་པ་རེད།
         ནང་སའི་མི་རིགས་འཛིན་གྲྭའི་སྲིད་ཇུས། ནང་སའི་བོད་ལྗོངས་འཛིན་གྲྭ་འཛུགས་གཉེར་བྱས་ནས་ལོ་30སོང་བ་དང་། སྔ་ཕྱི་བསྡོམས་རྩིས་བྱས་ན་དམའ་རིམ་སློབ་འབྲིང་སློབ་མ་ཁྲི་4.64དང་། མཐོ་རིམ་སློབ་འབྲིང་སློབ་མ་ཁྲི་3.45 འབྲིང་རིམ་ཆེད་ལས་སློབ་འབྲིང་སློབ་མ་ཁྲི་0.84བཅས་བསྡུས་ནས་བོད་ལྗོངས་ཀྱི་རིམ་པ་ཁག་ལ་ཤེས་ལྡན་མི་སྣ་སྣ་ཚོགས་ཁྲི་ཕྲག་མང་པོ་གསོ་སྐྱོང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།