འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཆེན་བོད་རིགས་ས་ཁུལ་གྱིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ཁྱབ་སྤེལ་བཏང་
    ནས་ཤེས་ཡོན་སྣེ་འཛོམས་ཅན་གྱི་ཤེས་ལྡན་པ་གསོ་སྦྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་17ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བདེ་ཆེན་བོད་རིགས་ས་ཁུལ་གྱིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ཁྱབ་སྤེལ་བཏང་
ནས་ཤེས་ཡོན་སྣེ་འཛོམས་ཅན་གྱི་ཤེས་ལྡན་པ་གསོ་སྦྱོང་བྱེད་པ།
         གསར་འགོད་པས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གིས་སྤྱིར་བཏང་ལོ་རིམ་གསུམ་པ་ཡན་གྱི་འཛིན་གྲྭར་བོད་ཡིག་སློབ་ཁྲིད་བྱས་ནས་ཕྲུ་གུ་ཚོ་གཞི་རྩའི་ཉན་ཐོས་ཀློག་བྲིས་ཤེས་པ་བྱེད་པ་དང་བོད་ཀྱི་སྐད་ཡིག་གི་ཤེས་བྱ་ཁྱབ་གདལ་གཏོང་གི་ཡོད། བདེ་ཆེན་ཀྲོའུ་ཡིས་ཆ་ཚང་བའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་ཧུར་ཐག་བསྐྲུན་ནས། སྲོལ་རྒྱུན་གྱི་སློབ་ཁྲིད་ཕུད་བོད་ཡིག་ཡིག་གཟུགས་དང་། བོད་མི་རིགས་ཀྱི་བཟོ་རྩལ་མཛེས་རིས། བོད་རིག་གནས་ཀྱི་ཡུལ་སྐོར་སྣེ་ཤན་ཤེས་བྱ་སོགས་སྤྱི་པའི་སློབ་ཚན་དང་བདམས་སྦྱོང་སློབ་ཚན་བསྣན་ནས་ཤེས་ཡོན་སྣེ་འཛོམས་ཅན་གྱི་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་བྱེད་ཅིང་། འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་བོད་ཡིག་སློབ་འབྲིང་གི་ལོ་རིམ་གཉིས་པའི་སློབ་མས་བོད་ཡིག་སློབ་ཚན་ཉན་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།