འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བཟོ་སྐྲུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་རིག་གཞུང་གླེང་
    སྟེགས་ལྷ་སར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་བཟོ་སྐྲུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་རིག་གཞུང་གླེང་
སྟེགས་ལྷ་སར་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས16ཉིན་བོད་ལྗོངས་ཀྱི་བཟོ་སྐྲུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་རིག་གཞུང་གླེང་སྟེགས་ལྷ་ས་གྲོང་ཁྱེར་དུ་གཉེར་བ་དང་། འདིའང་བོད་ལྗོངས་ཀྱིས་བོད་ལྗོངས་ཀྱི་བཟོ་སྐྲུན་རིག་གནས་དེ་བརྗོད་བྱ་གཙོ་བོ་བྱས་ནས་གཉེར་བའི་རིག་གཞུང་གླེང་སྟེགས་ཐོག་མ་ཡིན་ཞིང་། རིག་གནས་ལས་རིགས་དང་། སྒྱུ་རྩལ་ལས་རིགས། བཟོ་སྐྲུན་ལས་རིགས་སོགས་ཀྱི་ཆེད་མཁས་པ་100ལྷག་གླེང་སྟེགས་འདིར་ཞུགས་པ་རེད།
         བཟོ་སྐྲུན་རིག་གནས་ཉིན་བཞིན་སྣ་མང་ཅན་དུ་འགྱུར་བཞིན་པའི་དེང་སྐབས་དང་། དུས་རབས་གསར་པའི་རྒྱབ་ལྗོངས་འོག་ཇི་ལྟར་བྱས་ཏེ་སྲོལ་རྒྱུན་ལད་ཟློས་དང་འདྲ་བཟོ་བྱས་པ་ཙམ་མ་ཡིན་ལ། ས་ཁུལ་གཞན་པའི་བྱེད་སྟངས་མུན་འཐོམས་ཀྱིས་འདྲ་སྤོས་བྱས་པའང་མ་ཡིན་པར། བོད་ལྗོངས་ཀྱི་བཟོ་སྐྲུན་ལས་ས་ཁོངས་ཀྱི་རིང་བཞིན་དང་། དེང་རབས་ཀྱི་རང་བཞིན། རིག་གནས་ཀྱི་རང་བཞིན། མི་རིགས་ཀྱི་ཁྱད་ཆོས་བཅས་མཚོན་པར་བྱེད་རྒྱུ་དང་། ཇི་ལྟར་བྱས་ནས་བོད་ལྗོངས་ཀྱི་དེང་རབས་ཀྱི་བཟོ་སྐྲུན་ལ་དེང་རབས་ཀྱི་ཚིག་སྦྱོར་སྤྱོད་ཡུལ་དུ་རང་ཉིད་ཀྱི་རིག་གནས་གཞི་རྒྱུ་ལྡན་པའི་བཟོ་སྐྲུན་སྐད་ཆ་ཡོད་པར་བྱེད་རྒྱུ་དང་། ནང་དོན་ཡོད་ལ་རིག་གནས་ཀྱང་ལྡན་པའི་“བོད་ལྗོངས་ཀྱི་བཟོ་སྐྲུན་གསར་པ་”བསྐྲུན་རྒྱུ་དང་དུས་མཚུངས་སུ་བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་སྐྲུན་རིག་གནས་སྲུང་སྐྱོང་དང་ཞིབ་འཇུག་བྱེད་རྒྱུ་ནི་ཐེངས་འདིའི་རིག་གཞུང་གླེང་སྟེགས་ཀྱིས་ཞིབ་འཇུག་དང་གྲོས་བསྡུར་བྱེད་རྒྱུའི་བརྗོད་བྱ་གཙོ་བོའི་ནང་དོན་རེད།
      

    ཕྱོགས་བསྡུས་གསར་འགྱུར།