འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་ཀྲུང་གོའི་ཅིང་ཏེ་ཀྲེན་རྒྱལ་སྤྱིའི་དཀར་ཡོལ་དངོས་མང་སྟོན་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན། 2015ལོའི་ཀྲུང་གོའི་ཅིང་ཏེ་ཀྲེན་རྒྱལ་སྤྱིའི་དཀར་ཡོལ་དངོས་མང་སྟོན་ཚོགས་ཅིན་ཏེ་ཀྲེན་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་སྡེ་ཚན་ཁག་དང་། ཞིང་ཆེན་ཐད་གཏོགས་སྡེ་ཚན། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་འགོ་ཁྲིད། དཀར་ཡོལ་གྱི་སྒྱུ་རྩལ་པ། འཛམ་གླིང་གི་ས་ཕྱོགས་ཁག་གི་དཀར་ཡོལ་བཟོ་ཁུལ་གྱི་འགྲེམས་ཞུགས་ཚོང་པ་དང་། ཉོ་མཁན་སོཌ་སྤྱི་ཚོཌ་ལས་རིགས་ཁག་ནས་མི་5000ལྷག་ཙམ་དངོས་མང་སྟོན་ཚོགས་ནང་ཞུཌ་ཡོད་པ་རེད།
         ཅང་ཤིས་ཞིང་ཆེན་གྱི་ཧྲེང་ཀྲང་ལུའུ་ཤིན་ཧྲེས་འགོ་ཚུགས་མཛད་སྒོར་ཤིས་ཚིག་གསུང་སྐབས། ཉེ་བའི་ལོའི་ནང་ཅིན་ཏེ་ཀྲེན་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཁར་དྲ་སྦྲེལ་གྱིས་དཀར་ཡོལ་ཐོན་ལས་གཞན་སྒྱུར་རིམ་སྤོར་ཡོང་བར་ཁྲིད་སྟོན་གྱིས་མཐོ་གསར་ལག་རྩལ་ལྡན་པའི་དཀར་ཡོལ་དང་། དཀར་ཡོལ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། དཀར་ཡོལ་བཟོ་རྩལ་དང་། ཉོ་ཚོང་། ཚན་རྩལ། རིག་གནས་བཅས་གཞི་གཅིག་ཏུ་འདུས་པའི“དཀར་ཡོལ་ཆེན་པོའི”ཐོན་ལས་རྣམ་པ་ཞིག་བཏོད་དེ་ལོ་ངོ་སྟོང་གི་རིང་དཀར་ཡོལ་གྱི་འབྱུང་གནས་སུ་གྲགས་པ་དེའི་སྐྱེ་སྟོབས་དང་གསོན་ཤུགས་་རྒྱས་པར་བྱ་རྒྱུ་ཡིན་ཞེས་བསྟན།
         ད་རེས་ཀྱི་དཀར་ཡོལ་དངོས་མང་སྟོན་ཚོགས་ཐོག་དཀར་ཡོལ་དཀྲུག་པའི་ཁེ་ལས་ཚན་ཞིབ་ལས་ཁུངས་900ལྷག་ཙམ་ཞུགས་པ་དེ་དག་གིས་ལག་རྩལ་རྩེར་སོན་གྱི་རྒྱུན་སྤྱོད་དཀར་ཡོལ་དང་། སྒྱུ་རྩལ་དཀར་ཡོལ། ལག་རྩལ་མཐོ་བའི་དཀར་ཡོལ། དཀར་ཡོལ་གྱི་རྒྱུ་ཆ་སོགས་རིགས་སྣ་ཚོགས་འགྲེམས་སྟོན་བྱས་ཡོད།
         དངོས་མང་སྟོན་ཚོགས་དེ་ཚེས་22ཉིན་བར་སྒོ་འབྱེད་རྒྱུ་ཡིན་ཞིང་། ད་དུང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དཀར་ཡོལ་སྒྱུ་རྩལ་སློབ་གསོ་སྤེལ་རེས་ཀྱི་ལོ་ཚོགས་དང་། ལག་རྩལ་མཐོ་བའི་དཀར་ཡོལ་རྒྱུ་ཆའི་རྒྱལ་སྤྱིའི་གླེང་སྟེགས། ཀྲུང་གོའི་དབུས་རྒྱུད་འཆར་འགོད་སྒྱུ་རྩལ་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུ། “རྒྱུད་གཅིག་ལམ་གཅིག”བརྗོད་དོན་གཙོ་བོའི་བྱེད་སྒོ ཐང་དབྱིན་དང་ཐང་ཚང་གི་སོ་ཐབ་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ། སྒྱུ་རྩལ་དཀར་ཡོལ་ཧབ་ཚོང་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་རྒྱུ་ཡིན་པ་རེད།                          
      

    ཕྱོགས་བསྡུས་གསར་འགྱུར།