འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཞི་ཁོ་རུ་ཐན་པ་བྱུང་ནས་ལོ་ངོ་400ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་ཁང་ཞིག་གི་རྗེས་ཤུལ་
    བསྐྱར་དུ་ཆུའི་ངོས་ཐོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མོ་ཞི་ཁོ་རུ་ཐན་པ་བྱུང་ནས་ལོ་ངོ་400ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་ཁང་ཞིག་གི་རྗེས་ཤུལ་
བསྐྱར་དུ་ཆུའི་ངོས་ཐོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་གྱི་གསར་འགྱུར་ལྟར་ན། མོ་ཞི་ཁོ་ལྷོ་རྒྱུད་ཀྱི་ཆ་ཕ་སི་ཀྲུའུ་ཡི་ཆུ་བོ་ཞིག་ཉེ་དུས་ཐན་པ་བྱུང་བའི་རྐྱེན་གྱིས་ཆུ་གནས་དམའ་རུ་སོང་བས། ལོ་ངོ་400ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་ཁང་ཞིག་གི་རྗེས་ཤུལ་ཆུའི་ངོས་ནས་ཕྱིར་ཐོན་པ་རེད།   ད་ལོར་ཐན་པ་བྱུང་བའི་དབང་གིས་ཀོ་ལི་ཧར་ཝ་ཆུ་བོ་འབབ་རྒྱུད་ཀྱི་ནེ་ས་ཝར་ཁོ་ཡུའེ་ཐེ་ཆུ་མཛོད་ཀྱི་ཆུ་གནས་དམའ་རུ་དབྱིན་ཁྲེ་82(ཧ་ལམ་སྨི་25)སོང་བ་རེད། ཆོས་ཁང་འདི་ནི་མི་སེར་སྤེལ་ཡུལ་གྱི་སྐབས་སུ་སྒོམ་གྲྭའི་བཙུན་པ་ཁག་ཅིག་གིས་བསྐྲུན་པ་ཡིན་ཞིང་། དུས་རབས་16པའི་དུས་དཀྱིལ་དུ་ཁོ་ཚོ་ས་ཁུལ་འདིར་སླེབས་སྐབས་སུ་གནས་དེ་ནི་སུའོ་ཁེ་མིའི་སྡོད་གནས་རེད། 1966ལོར་ཆོས་ཁང་འདི་ཆུ་ལོག་གིས་བསྣུབས་པས་རྗེས་ཤུལ་གར་སོང་ཆ་མེད་དུ་གྱུར་པ་རེད།
    ༄༅།།མོ་ཞི་ཁོ་རུ་ཐན་པ་བྱུང་ནས་ལོ་ངོ་400ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་ཁང་ཞིག་གི་རྗེས་ཤུལ་
བསྐྱར་དུ་ཆུའི་ངོས་ཐོན་པ།
    ༄༅།།མོ་ཞི་ཁོ་རུ་ཐན་པ་བྱུང་ནས་ལོ་ངོ་400ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་ཁང་ཞིག་གི་རྗེས་ཤུལ་
བསྐྱར་དུ་ཆུའི་ངོས་ཐོན་པ།
    ༄༅།།མོ་ཞི་ཁོ་རུ་ཐན་པ་བྱུང་ནས་ལོ་ངོ་400ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་ཁང་ཞིག་གི་རྗེས་ཤུལ་
བསྐྱར་དུ་ཆུའི་ངོས་ཐོན་པ།
      

    ཕྱོགས་བསྡུས་གསར་འགྱུར།