འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དྲ་ཐོག་ནས་ཡུལ་སྐོར་བ་མང་དུས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལོ་རེའི་ཡུལ་སྐོར་བ་ཆེས་མང་དུས་སུ། མི་ཚོགས་ཆེ་བ་དང་། རླངས་འཁོར་མང་བ། རིན་གོང་འཕར་བ་བཅས་ནི་ལྡོག་ཐབས་མེད་པའི་ཆོས་ཉིད་ཅིག་ཏུ་གྱུར་ཡོད། འདི་ལོ་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་A5རིམ་པའི་མཛེས་ལྗོངས་ཁུལ་དུ་མི་གཤོང་ཚད་མཐོ་ཤོས་ཁྱབ་བསྒྲགས་བྱས་ནའང་། མཛེས་ལྗོངས་ཁུལ་མི་ཉུང་བ་ཞིག་ཏུ་ཡུལ་སྐོར་བ་ཚད་ལས་བརྒལ་བའི་གནས་ཚུལ་ཐོན་ཡོད། གསར་འགོད་པས་དྲ་ཐོག་ནས་སྒོ་འཛིན་དང་ཞག་སྡོད་སོགས་དྲ་ཐོག་ནས་སྔོན་མངགས་བྱས་ན། མཛེས་ལྗོངས་ཁུལ་དང་ཡུལ་སྐོར་བ་གཉིས་ཀར་ཕན་ལ་འཚམ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         ཡུན་རིང་མ་སོང་གོང“ཀྲུང་གོའི་ནམ་མཁའི་མེ་ལོང”ཞེས་སུ་གྲགས་པའི་མཚོ་སྔོན་གྱི་ཚྭ་ཁ་ཚྭ་མཚེའུ་ཡུལ་ལྗོངས་ཁུལ་དུ་ཡུལ་སྐོར་བ་རིམ་བཞིན་མང་དུ་སོང་བའི་རྐྱེན་གྱིས་མཛེས་ལྗོངས་ཁུལ་ཁག་གཅིག་གི་ཚྭ་མཚེའུ་ནག་ནོག་ཏུ་གྱུར་ཡོད། མཚོ་སྔོན་གྱི་ཚྭ་མཚེའུ་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའུ་ཅན་ཀང་གིས་ཡུལ་སྐོར་བ་མང་ཤོས་ཀྱི་དུས་སུ་ཉིན་གཅིག་ལ་ཆ་སྙོམས་མི་ཐེངས་ཁྲི་2.58ཟིན་གྱི་འདུག དེའི་རིང་ང་ཚོས་དྲ་བ་དང་རླུང་འཕྲིན་སོགས་བརྒྱུད་སྤྱི་བསྒྲགས་སྤེལ་ནས་ཡུལ་སྐོར་བ་མང་དུས་འཚང་ག་མི་རྒྱག་རྒྱུའི་འབོད་སྐུལ་བྱས་ཁར། ས་གནས་ཡུལ་སྐོར་ཅུས་དང་ཡུལ་སྐོར་ལས་དོན་ཁང་ལའང་ཡུལ་སྐོར་བ་ཕྱིར་སློག་བྱེད་རོགས་ཞེས་བཤད་ནའང་ནུས་པ་དེ་ཙམ་ཐོན་གྱི་མི་འདུག་ཅེས་བཤད་བྱུང་།
         ད་ཆ་མཛེས་ལྗོངས་ཁུལ་ཡིན་ནའང་འདྲ། ཡང་ན་མྱུར་བགྲོད་གཞུང་ལམ་ཡིན་ནའང་འདྲ་ཚང་མར་མི་ཚོགས་ཆེ་ལ་ལམ་འགག་པའི་གནས་ཚུལ་ཐོན་དང་ཐོན་མུས་ཡིན་པ་རེད། གསར་འགོད་པས་ཡུལ་སྐོར་བ་ཆེས་མང་དུས་སུ་དྲ་སྦྲེལ་ཐོག་ནས་ཕྱིར་སྐྱོད་དང་མཛེས་ལྗོངས་ཁུལ་གྱི་གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་བྱས་ན། ཡུལ་སྐོར་བས་ཕྱིར་སྐྱོད་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་རྒྱུ་དང་། མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་དུས་ཐོག་ཏུ་ཚོད་འཛིན་ཐུབ་རྒྱུའི་ངོས་འཛིན་བྱས།
      

    ཕྱོགས་བསྡུས་གསར་འགྱུར།