འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མང་ཚོགས་བཅུ་ཆའི་བདུན་གྱིས་འཕྲིན་སྦྲེལ་དྲ་བ་སྤྱོད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་09ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གསར་འགོད་པས་བོད་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་བོད་ལྗོངས་སུ་འཕྲིན་སྦྲེལ་དྲ་བ་སྤྱོད་པའི་དུད་ཁྱིམ་བསྡོམས་གྲངས་ཁྲི་217ཟིན་ཅིང་། བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོ་ཆ་འཕྲིན་ཅན་དུ་འགྱུར་བའི་མྱུར་བགྲོད་འཕྲིན་ལམ་དུ་ཞུགས་ཟིན་པ་དང་། བོད་ལྗོངས་ཀྱི་མང་ཚོགས་བཅུ་ཆའི་བདུན་གྱིས་འཕྲིན་སྦྲེལ་དྲ་བ་སྤྱོད་བཞིན་ཡོད། དེའི་ཁྲོད་གཏན་འཇགས་འཕྲིན་སྦྲེལ་དྲ་བ་སྤྱོད་མཁན་གྱི་དུད་ཚང་ཁྱབ་ཚད་32%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།