འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་གཅིག་སེམས་གཅིག་གིས“མཛེས་སྡུག་ལྡན་པའི་བོད་ལྗོངས”ཐུན་མོང་ཐོག་འཛུགས་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་09ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་2030ལོར“སྣོད་བཅུད་བོད་ལྗོངས”སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་སྣོད་བཅུད་ས་ཁུལ་དང་། སྣོད་བཅུད་རྫོང་། སྣོད་བཅུད་ཤང་གྲོང་། སྣོད་བཅུད་གྲོང་ཚོ་སོགས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་འདུ་འགོད་སྒོ་ཀུན་ནས་ལག་ལེན་བསྟར་འགོ་ཚུགས་པ་རེད། ལོ་ལྔའི་རིང་སྣོད་བཅུད་འཛུགས་སྐྱོང་བྱས་པ་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མངོན་གསལ་དོད་པོས་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ལས་རིགས་ཁག་གི་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཆགས་པ་བཅས་བྱས་པས“མཛེས་སྡུག་ལྡན་པའི་བོད་ལྗོངས”ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད། 2014ལོའི་ཟླ་བ་བཅུ་གཉིས་པའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཤང་དང་གྲོང་རྡལ་28དང་སྲིད་འཛིན་གྲོང་ཚོ་29  རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤང་གྲོང་དང་སྣོད་བཅུད་གྲོང་ཚོའི་དཔྱད་འདེམས་དམིགས་ཚད་ཀྱི་བླང་བྱ་ལོན་པ་དང་རྫོང་2དང་། ཤང་གྲོང་54  སྲིད་འཛིན་གྲོང་ཚོ་560བཅས་ལ“བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་དང་། སྣོད་བཅུད་ཤང་གྲོང་། སྣོད་བཅུད་གྲོང་ཚོ”བཅས་ཀྱི་མིང་འདོགས་བྱས་པ་རེད།
         སྣོད་བཅུད་འཛུགས་སྐྱོང་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ།
         བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་འཛུགས་སྐྱོང་ལས་དོན་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་ཕྱིར་2009ལོར་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ལྷ་ས་དང་། ཉིང་ཁྲི ལྷོ་ཁ་བཅས་ལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་གྲོང་དང་སྣོད་བཅུད་གྲོང་ཚོ་ཁག་དང་པོ་སྐྲུན་པའི་ཚོད་ལྟའི་ལས་ཀ་བྱེད་འགོ་ཚུགས་རྒྱུའི་གཏན་འཁེལ་བྱས་པ་དང་། 2011ལོར་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་དང་། སྣོད་བཅུད་ཤང་གྲོང་། སྣོད་བཅུད་གྲོང་ཚོ་བཅས་རེ་ཞུ་དང་དེ་བཞིན་དོ་དམ་གཏན་འབེབས་སྐོར་གྱི་བརྡ་ཐོ་དང་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་དང་། སྣོད་བཅུད་ཤང་གྲོང་། སྣོད་བཅུད་རྫོང་བཅས་ཀྱི་ལས་དོན་སྙན་ཞུ་སྒྲིག་བཟོའི་ཚད་གཞི་འགྲེམས་སྤེལ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ས་ཁུལ་དང་། སྣོད་བཅུད་རྫོང་། སྣོད་བཅུད་ཤང་གྲོང་། སྣོད་བཅུད་གྲོང་ཚོ་བཅས་འཛུགས་སྐྱོང་གི་ལས་དོན་སྒོ་ཀུན་ནས་བཀོད་སྒྲིག་བྱས་པ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་འཛུགས་སྐྱོང་ལས་དོན་སྒོ་ཀུན་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད་པ་རེད།
         རྩ་འཛུགས་ཀྱི་ཐོག་ནས་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་ཕྱིར་ས་ཁུལ་(གྲོང་ཁྱེར)དང་། རྫོང་། ཤང་བཅས་ཁག་གིས་སྣོད་བཅུད་འཛུགས་སྐྱོང་ལས་དོན་གྱི་ཆེད་མངགས་ཚན་ཁག་བཙུགས་ནས་རིམ་ཁག་གི་འགན་འཁུར་བ་གཙོ་བོ་ངོ་མས་དམ་འཛིན་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་སྣེ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གཞན་གྱི་ལས་བགོས་རོགས་རེས་བྱེད་པའི་ལས་ཀའི་ལམ་སྲོལ་བཟོས་པ་དང་འཕྲེད་གཞུང་མཐའ་འཁྱོལ་གྱི་ལས་ཀའི་རྣམ་པ་ཆགས་པས་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་འཛུགས་སྐྱོང་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཡོད་པ་རེད།
         རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྱོང་གི་ཚོད་ལྟའི་ས་ཁུལ་ཡིན་པའི་ལྷོ་ཁ་ས་ཁུལ་གྱིས་སྤྱི་ཡོངས་དང་ཕུགས་ནས་གཞོགས་འདེགས་ངང་བསམ་གཞིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་འཛུགས་སྐྱོང་ལས་དོན་དེ་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་བཟང་བའི་དཔེ་བཟང་ཁུལ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་འཆར་གཞིའི་ནང་བཅུག་པས་གྲོང་ཚོ་(གྲོང་ལྷན)དང་། ཤང་(གྲོང་རྡལ) རྫོང་ཁོངས། ས་ཁུལ་བཅས་ཀྱི་རིམ་པ་བཞིའི་སྣོད་བཅུད་འཛུགས་སྐྱོང་ལས་དོན་སྦྲེལ་མཐུད་ནུས་ལྡན་དང་འཆར་འགོད་གཅིག་མཚུངས་ཐུབ་པ་དང་། ཉིང་ཁྲི་ས་ཁུལ་གྱིས་སྔོན་ལ་འཆར་འགོད་བཟོ་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་ལ་<<ཉིང་ཁྲིའི་སྣོད་བཅུད་ས་ཁུལ་འཛུགས་སྐྱོང་གི་འཆར་འགོད་>>དང་། རྫོང་དྲུག་གི་<<སྣོད་བཅུད་རྫོང་འཛུགས་སྐྱོང་གི་འཆར་འགོད>>  ཤང་དང་གྲོང་རྡལ38ཀྱི་<<སྣོད་བཅུད་ཤང་དང་གྲོང་རྡལ་འཛུགས་སྐྱོང་གི་འཆར་འགོད་>>བཅས་བཟོ་རྒྱུ་མངགས་བཅོལ་བྱས་པ་དང་<<ཉིང་ཁྲི་ས་ཁུལ་གྱི་ས་ངོས་ཆུའི་ཁོར་ཡུག་ནུས་པ་ཁུལ་དབྱེ་>>དང་<<ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་གྱི་སྒྲའི་ཁོར་ཡུག་ནུས་པ་ཁུལ་དབྱེ་>>བཟོས་པས་སྣོད་བཅུད་འཛུགས་སྐྱོང་བྱེད་པར་གཞི་འཛིན་ས་ནུས་ལྡན་ཞིག་མཁོ་འདོན་བྱས་པ་རེད།
         སྣོད་བཅུད་འཛུགས་སྐྱོང་བྱེད་པར་བཀྲག་མདངས་འཚེར་ས་མང་པོ་མངོན་པ།
         ལྷ་ས་གྲོང་ཁྱེར་གྱིས“སྣོད་བཅུད”དེ་གྲོང་ཁྱེར་འཛུགས་སྐྱོང་གི་རྩ་བར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་ལ་དབྱེ་ཞིབ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་གྲོང་ཁྱེར་གཏོད་རྒྱུའི་བྱེད་སྒོ་སྤེལ་རྒྱུ་བཏོན་པ་མ་ཟད། ས་གནས་ས་ཐོག་གི་སྐུལ་གཏོང་ཚོགས་འདུ་འཚོགས་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་ལ་ཐབས་དང་ཇུས་འདྲི་བ། ལས་ཀའི་ལམ་སྲོལ་དང་འགན་ལེན་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་ཐབས་སྣ་མང་བརྒྱུད་སྣོད་བཅུད་འཛུགས་སྐྱོང་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད་པ་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་གྲོང་ཁྱེར་གྱི་དམིགས་ཚད་26ཚང་མ་རྒྱལ་ཁབ་ཀྱི་ཚད་གཞི་ལོན་པ་མ་ཟད་2014ལོའི་ཟླ་བཅུ་གཅིག་པར་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུས་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱས་པས་རྒྱལ་ཁབ་རིམ་པའི་སྣོད་བཅུད་གྲོང་ཁྱེར་གཏོད་པའི་གཞི་རྩའི་ཆ་རྐྱེན་སྤྱིར་ན་འཛོམས་ཡོད་པ་རེད། མངའ་རིས་ས་ཁུལ་གྱིས་བྱ་དགའི་ལམ་སྲོལ་ཆ་ཚང་ཞིག་བཟོས་ནས་སྣོད་བཅུད་འཛུགས་སྐྱོང་གི་མིང་བཏགས་པའི་རྫོང་ལ་བྱ་དགའ་སྤྲོད་པ་དང་དུས་མཚུངས་འཛུགས་སྐྱོང་བྱེད་སྟངས་སྣ་མང་གསར་གཏོད་བྱས་ནས་འཛུགས་སྐྱོང་བྱེད་རིང་ས་གནས་དེ་གའི་དམིགས་སུ་ཡོད་པའི་སྲོལ་རྒྱུན་དང་རིག་གནས་ཁྱད་ཆོས་མཉམ་བསྲེས་བྱེད་པ་དང་ས་གནས་དེ་གའི་མང་ཚོགས་ཚོའི་བག་ཆགས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་དང་ཟུང་འབྲེལ་བྱས་པས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་སྣོད་བཅུད་འཛུགས་སྐྱོང་བྱེད་སྟངས་ཤིག་ཆགས་ཡོད་པ་རེད།
         མལ་གྲོ་གུང་དཀར་རྫོང་གིས་སྣོད་བཅུད་འཛུགས་སྐྱོང་གི་ཆེད་དོན་མ་དངུལ་སྒོར་ཁྲི་1000གྲབས་གསོག་བྱས་ནས་རྫོང་དེ་ཡོངས་ཀྱི་ཤང་7དང་། གྲོང་རྡལ་1  སྲིད་འཛིན་གྲོང་ཚོ་38བཅས་ལ“རིམ་གསུམ་མཉམ་གཏོད”ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས“རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང”གཏོད་རྒྱུ་བཏོན་པ་དང་འབྲེལ་རྫོང་ཡོངས་ཀྱིས་ཞུགས་པ་དང་དམངས་ཡོངས་ཀྱིས་ཐུན་མོང་ཐོག་འཛུགས་སྐྱོང་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པར་སྣང་ཆེན་བྱེད་ལུགས་དེ་བྱ་སྤྱོད་ཞིབ་ཕྲའི་ཐོག་མཚོན་པར་བྱེད་པའི་བླང་བྱ་བཏོན་པས་རྫོང་ཡོངས་ཀྱི་སྣོད་བཅུད་འཛུགས་སྐྱོང་གི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་མ་ཐེབས་ཡོད་པ་རེད།
         འདམ་གཞུང་རྫོང་གིས་2016ལོའི་གོང་དུ་རྫོང་ཁོངས་ཀྱི་80%སྣོད་བཅུད་གྲོང་ཚོར་འཛུགས་སྐྱོང་བྱེད་པའི་དམིགས་ཚད་གཞིར་བཟུང་ལོ་ལྟར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་པ་མ་ཟད་གོང་འོག་མཉམ་འགུལ་དང་དོན་སྤྱི་སྒྲུབ་དང་ཁུར་མཉམ་ལེན་གྱི་ཕུགས་ཕན་ལམ་སྲོལ་ཡང་བཟོས་པ་དང་ལྷག་པར་དུ་གད་སྙིགས་གཙང་བཤེར་དབོར་འདྲེན་ཐད་རྫོང་དེ་ཡོངས་སུ་དུད་ཚང་གིས་གསོག་འཇོག་དང་། གྲོང་ཚོས་འཚོལ་བསྡུ། ཤང་གིས་དབོར་འདྲེན། རྫོང་གིས་ཐག་གཅོད་བཅས་ཀྱི་དཔེ་དབྱིབས་ཤིག་ཆགས་པ་བྱས་པས་དེ་སྔོན་བཙོག་ཆུ་དང་གད་སྙིགས་གང་བྱུང་དུ་བཤོ་བ་དང་མེ་ཤིང་དང་གཟན་རྩྭ་གང་བྱུང་དུ་སྤུངས་པའི་གནས་ཚུལ་སྤྱིར་ན་ལེགས་སུ་ཕྱིན་ཡོད་པ་རེད།
         མི་ཚང་མས་སྣོད་བཅུད་སྲུང་སྐྱོང་ནང་ཞུགས་པ།
         སྣོད་བཅུད་སྲུང་སྐྱོང་བྱེད་རིང་མི་ཚང་མས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ཡིན་པའི་རྣམ་པ་བཟང་པོ་ཞིག་གཏོད་ཡོད་པ་རེད།
    གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གིས་གྲོང་ཚོ་ཁག་ཏུ་རུ་མི་10ཡོད་པའི་གཙང་སྦྲ་རུ་ཁག་བཙུགས་ནས་གྲོང་ཚོའི་མི་སྒེར་གྱི་གཙང་སྦྲ་དང་གྲོང་ཚོའི་མཉམ་སྡེབ་ཀྱི་ཁོར་ཡུག་གཙང་སྦྲར་ལྟ་སྐུལ་དང་ཞིབ་བཤེར་དང་དུས་མཚུངས་གྲོང་ཚོ་ཁག་གིས་<<སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཆིངས་>>ཀྱང་བཟོས་པ་རེད། མིག་སྔར་དཔེ་སྟོན་དུད་ཚང་50ལྷག་ཙམ་དང་རང་བྱུང་སྲུང་སྐྱོང་སྣོད་བཅུད་ཁུལ་ཁག་2ཡོད་པ་རེད།
         ཉིང་ཁྲི་ས་ཁུལ་གྱིས་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དམངས་ཡོངས་སྐུལ་སློང་བྱེད་པ་དང་དམངས་ཡོངས་ཞུགས་པའི་རྣམ་པ་ཞིག་ཧུར་ཐག་གཏོད་ཀྱི་ཡོད་པ་རེད། 2008ལོ་ནས་བཟུང་ཁོར་ཡུག་སྲུང་སྐྱོང་གི་སྦྱར་ཡིག་ཁྱོན་300ལྷག་ཙམ་སྦྱར་བ་དང་། སློབ་གསོ་དང་དྲིལ་བསྒྲགས་དཔྱད་ཡིག་15200ལྷག་ཙམ་འགྲེམས་སྤེལ་བྱས་པ། རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་གསར་འགྱུར་50ལྷག་ཙམ་བསྟན་པ། ཆེད་དོན་ལེ་ཚན་དུས་ཐེངས་15བཟོས་པ་བཅས་བྱས་པ་མ་ཟད་2014ལོར་བོད་རྒྱ་སྐད་ཡིག་གཉིས་ཀྱི་<<ཉིང་ཁྲིའི་སྣོད་བཅུད་འཛུགས་སྐྱོང་ཤེས་བྱའི་དྲིལ་བསྒྲགས་ལག་དེབ་>>2000ལྷག་ཙམ་རྩོམ་སྒྲིག་དང་འགྲེམས་སྤེལ་བྱས་པ་རེད།
         ལྷོ་ཁ་ས་ཁུལ་གྱིས་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གྱི་ལས་ཀའི་ལམ་སྲོལ་དང་སྐར་བཅུའི་ཞིང་དུང་དཔྱད་བསྡུར་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ས་ཁུལ་དང་། རྫོང་། ཤང་། གྲོང་རྡལ། གྲོང་ཚོ་བཅས་ཀྱིས་ཞིང་འབྲོག་མང་ཚོགས་དང་རིམ་པ་རེ་རེ་བཞིན་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་བརྒྱུད་ལས་དོན་དངོས་སུ་དོན་འཁྱོལ་ཐུབ་པ་བྱེད་པ་དང་འབྲེལ་དུས་མཇུག་གི་སྲུང་སྐྱོང་དང་ཕན་འབྲས་བརྟན་གཏོང་གི་ལས་དོན་དེ་གཞི་རིམ་གྱི་ཞིང་འབྲོག་དུད་ཚང་ཁག་ཏུ་དོན་འཁྱོལ་ཡང་བྱས་པས་མི་ཚང་མས་ཞུགས་པ་དང་དོན་སྤྱི་སྒྲུབ་དང་ཁུར་མཉམ་ལེན་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།
         ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་རྒྱ་རྒན་གྲོང་ཚོ་དང་ལུང་རིང་ཤང་གོ་ཁྱིམ་གྲོང་ཚོ་དང་ལུང་རིང་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱིས་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་བཙུགས་ཏེ་ཨ་ར་འདམ་ར་རང་མོས་ངང་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད། ཀོང་ཐང་ཤང་རྒྱ་རྒན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བརྟན་དབང་འདུས་ཀྱིས་སྣོད་བཅུད་སྲུང་སྐྱོང་བྱེད་པར་མི་ཚང་མར་འགན་འཁྲི་ཡོད། ང་ཚོས་རང་ཉིད་ཀྱི་བྱ་སྤྱོད་དངོས་བརྒྱུད་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་དང་བོད་ཀྱི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།