འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མང་ཚོགས་བརྒྱ་ཆ་བདུན་བཅུ་ལྷག་གིས་དྲ་བ་བཀོལ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་09ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་བོད་ལྗོངས་སུ་དྲ་བ་སྤྱོད་མཁན་ས་ཡ་གཉིས་དང་འབུམ་གཅིག་ཁྲི་བདུན་ཟིན་ཏེ། བོད་ལྗོངས་ཀྱི་རྒྱ་ཆེ་ཞིང་འབྲོག་པ་ཆ་འཕྲིན་ཅན་གྱི་ལམ་བུར་བསྐྱོད་ཡོད་ཅིང་། ལྗོངས་ཡོངས་ཀྱི་མང་ཚོགས་བཅུ་ཆ་བདུན་གྱིས་དྲ་བ་སྤྱོད་བཞིན་ཡོད་པ་དང་། དེའི་ནང་བརྟན་འཇགས་དྲ་བ་སྤྱོད་པའི་ཁྱིམ་ཚང་གིས་བརྒྱ་ཆ་32ཟིན་ཡོད་པ་རེད།
          མུ་མཐུད་དུ་དྲ་བ་ཁྱབ་གདལ་ཏུ་བཏང་བ་དང་བསྟུན་ནས། བོད་ལྗོངས་ཀྱི་གློག་རྡུལ་ཚོང་དོན་ལོ་རེའི་ཉོ་ཚོང་བྱེད་ཚད་བརྒྱ་ཆ་30ཡན་འཕར་བ་དང་། དྲ་ཐོག་ནས་དངོས་པོ་ཉོ་པའང་བསྟུད་མར་མང་དུ་འགྲོ་བཞིན་པའི་སྣང་ཚུལ་ཐོན་འདུག  བོད་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་སྤེན་པ་ཡིས། འབྱུང་འགྱུར་གློག་རྡུལ་ཚོང་དོན་གྱི་སྤྱི་བའི་སྟེགས་བུ་འཛུགས་བསྐྲུན་བྱེད་པར་ནུས་ཤུགས་བསྐྱེད་དེ། བོད་ལྗོངས་ཀྱི་དྲ་ཐོག་ཟོག་ཉོ་སོགས་གློག་རྡུལ་ཚོང་དོན་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་ཐབས་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཀང་གིས། བོད་ལྗོངས་སུ་དྲ་བ་ཁྱབ་གདལ་ཏུ་བཏང་བ་དེས། བོད་ལྗོངས་དང་ཕྱི་རོལ་ཡུལ་གྱི་བར་ཐག་ཇེ་ཉེ་རུ་བཏང་བ་དང་། བོད་ལྗོངས་དང་མེས་རྒྱལ་ནང་སའི་བར་གྱི་སྤེལ་རེས་ཀྱི་གོམས་སྟབས་ཀྱང་མགྱོགས་སུ་གཏོང་ཐུབ་ཡོད་པ་མ་ཟད། ད་དུང་བསམ་བློ་བརྗེ་རེས་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སོགས་ལ་ཕན་ནུས་ཆེན་པོ་བཏོན་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།