འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་ཁོར་ཡུག་སྦག་བཙོག་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་ཐད་ས་ཁུལ་
    སྲུང་སྐྱོབ་རིང་ལུགས་ཀྱི་ཐེ་ཇུས་ཕོག་གི་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་09ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུས་སྤྱི་ཚེས་6ཉིན་ཟུར་གསལ་བྱས་པར་གཞིགས་ན། སྤྱི་ལོ་2014ལོར་ཁོར་ཡུག་སྦག་བཙོག་ཉེས་བསགས་ལ་རྡུང་རྡེག་བཏང་བའི་ནང་། ཁོར་ཡུག་སྦག་བཙོག་བཟོས་པའི་ཉེས་དོན་གྱོད་གཞི་4500ལྷག་རྩད་གཅོད་ཐུབ་ཡོད་པ་དང་། ཉེས་བསགས་དོགས་ཡོད་མི་སྣ་8400ལྷག་འཇུས་ཡོད་པ་དེ་སྤྱི་ལོ་2013ལོའི་ལྡབ་དྲུག་ཟིན་ཡོད། འོན་ཀྱང་འབྲེལ་ཡོད་འགན་འཁུར་བས་ཁོར་ཡུག་སྦག་བཙོག་ཉེས་བསགས་ལ་རྡུང་རྡེག་གཏོང་བར་ས་གནས་སྲུང་སྐྱོབ་རིང་ལུགས་ཀྱི་དཀའ་གནད་འཕྲད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།
          སྤྱི་བདེ་པུའི་བདེ་འཇགས་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཧྭ་ཅིང་ཧྥེང་གིས། ཁོར་ཡུག་སྦག་བཙོག་གནད་དོན་བཅོས་སྐྱོང་བྱེད་ཁག་པ་དང་། ཐོན་མང་བ། ཐོན་སླ་བ། བསྐྱར་ལོག་བྱེད་སླ་བ་བཅས་ཡོད་པས། སྤྱི་བདེ་ལས་ཁུངས་ཀྱིས་ལས་དོན་སྤེལ་སྐབས་དཀའ་ངལ་དང་གནད་དོན་མང་པོ་འཕྲད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།
         དེ་ཡང་དཀའ་གནད་དང་པོ་ནི། ཁྲིམས་འགལ་བ་ཁག་ཅིག་ལ་ཁྲིམས་སྲུང་ན་མ་གནས་མཐོ་བ་དང་། ཁྲིམས་འགལ་མ་གནས་དམའ་བའི་བསམ་བློ་གནས་ཡོད་པ་དེ་ཡིན། ཁྲིམས་འགལ་ངང་སྦག་བཙོག་འབུད་བཤངས་དང་ལྟ་སྐུལ་དོ་དམ་ལས་གཡོལ་བ། བྱ་ཐབས་འདྲ་མིན་སྣ་ཚོགས་སྤྱད་ཀྱི་ཡོད། 
          དཀའ་གནད་གཉིས་པ་ནི། ས་གནས་སྲུང་སྐྱོབ་རིང་ལུགས་ཡིན། ཁྲིམས་འགལ་ངང་སྦུད་བཤངས་བྱེད་པའི་རྫས་འགྱུར་བཟོ་ལས་དང་གཏེར་འདོན་སོགས་ཁེ་ལས་ཁག་ཅིག་གལ་ཏེ་སྒོ་རྒྱག་ཏུ་བཅུག་ན་ས་གནས་ཀྱི་ཁེ་ཕན་མེད་པ་ཆགས་ཀྱི་ཡོད་པ་དང་བཟོ་པ་ལས་ཤོར་བྱེད་ཀྱི་ཡོད། དེར་བརྟེན་ས་གནས་དེ་གས་ཁེ་ལས་དེ་རིགས་ལ་བཟོད་སྒོམ་བྱེད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
         དཀའ་གནད་གསུམ་པ་ནི་ལག་ཁྱེར་ལེན་དཀའ་བ་དང་གསལ་འབྱེད་བྱེད་དཀའ་བའི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།