འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།མཚོ་སྔོན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་ཞིག་གསོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་02ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།མཚོ་སྔོན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་ཞིག་གསོ་བྱ་རྒྱུ་ཡིན་པ།
           མི་དམངས་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་གྱི་འཁྲུངས་གཞིས་ལ་ཞིག་གསོ་གནང་རྩིས་ཡོད་པ་རེད།
         པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་དེ་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་༼ ཞུན་ཧྭ་རྫོང་ ༽བིས་མདོ་ཡུལ་ཚོ་རུ་ཡོད་ཅིང་། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་རབ་བྱུང་བཅུ་དྲུག་པའི་ས་སྟག་(སྤྱི་ལོ1938)ལོའི་ཟླ་བ་དང་པོའི་ཚེས་གསུམ་ཉིན་ཡུལ་དེ་རུ་ས་སྐྱ་འཁོན་གྱི་རིགས་ལས་མཆེད་པའི་བིས་མདོ་དཔོན་ཚང་དུ་ཡབ་བིས་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། 2013ལོའི་ཟླ་5པར། པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་དང་བིས་མདོ་དགོན་པ་གཉིས་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་བྱ་ཡུལ་གཙོ་ཤས་གྲས་སུ་བཞག
         ཉེ་ཆར་མཇུག་འགྲིལ་བའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྟེང་ཡ་རྫི་རྫོང་གི་དམངས་ཆེན་འཐུས་མིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་ལ་ཞིག་གསོ་བྱེད་དགོས་པའི་གྲོས་གཞི་བཏོན་པ་ལྟར། མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་ཅུའུ་ཡིས་པཎ་ཆེན་འཁྲུངས་གཞིས་དང་བིས་མདོ་དགོན་པར་སྲུང་སྐྱོབ་དང་ཞིག་གསོ་བྱེད་པའི་ལས་གྲྭའི་འཆར་བཀོད་སྒྲིག་འགོད་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།