འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་
    ཀྱི་དཔེ་བཟང་བྱ་དགོས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་09ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མེ་འཁོར་མྱུར་དུ་འགྲོ་ཐུབ་དེ། འཁོར་མགོས་དྲུད་ལ་བརྟེན་པ་ཡིན། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ་ནི་མ་ལག་ཚང་བའི་ལས་གཞི་ཡིན་པས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱི་ཡིད་ཆེས་དང་། ཆོད་སེམས། བྱ་སྤྱོད་བཅས་ནི་རིན་ཐང་གི་རླུང་ཕྱོགས་སྟོན་རྟགས་ཡིན་ལ། གནད་འགག་ཆེ་བའི་སྐུལ་འདེད་གཏོང་ཤུགས་ཀྱང་རེད།
         “བཀག་སྡོམ་བྱེད་མཁས་པོས་སྔོན་ལ་རང་ཉིད་ལ་བཀག་སྡོམ་བྱས་ཤིང་། རྗེས་སུ་མི་གཞན་ལ་བཀག་སྡོམ་བྱེད་ཀྱི་ཡོད། འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ཁྲིམས་ལུགས་ཀྱི་ཐིག་དམར་ལས་འགོང་མི་རུང་བ་དང་ཁྲིམས་ལུགས་ཀྱི་ཞབས་ཐིག་ལ་ཐུག་མི་རུང་བར། སྣེ་ཁྲིད་ཀྱིས་བཅའ་ཁྲིམས་ལ་བརྩི་སྲུང་དང་བཅའ་ཁྲིམས་ལག་བསྟར་བྱ་དགོས་པ་དང་། སྣེ་ཁྲིད་ཀྱིས་ལས་དོན་སྒྲུབ་སྐབས་བཅའ་ཁྲིམས་གཞིར་འཛིན་པ་དང་། གནད་དོན་ཐུག་སྐབས་བཅའ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་སྐབས་བཅའ་ཁྲིམས་སྤྱོད་པ། འགལ་བ་བར་འདུམ་བྱེད་སྐབས་བཅའ་ཁྲིམས་ལ་རྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་ཁོར་ཡུག་བསྐྲུན་དགོས་པ་སེམས་ལ་བརྟན་པོར་ངེས་དགོས། ཁྲིམས་སྐྱོང་ལམ་སྲོལ་ལ་བརྩི་སྲུང་བྱེད་པར་འཆར་སྣང་ལྟར་བྱ་མི་རུང་བར་སྐད་ཆ་བཤད་པ་དང་ལས་དོན་སྒྲུབ་པའི་སྔོན་ལ་དེ་ཉིད་ཁྲིམས་དང་མཐུན་མིན་བསམ་གཞིགས་ཤིག་བྱ་དགོས་ཤིང་། སྒྲིག་བརྩི་ཁྲིམས་སྲུང་བྱ་རྒྱུ་དེ་གོམས་གཤིས་སུ་ཆགས་པར་བྱ་དགོས། 
        ཁྲིམས་ལུགས་ཀྱི་གསོན་ཤུགས་ནི་ལག་ལེན་དུ་བསྟར་བར་རག་ལས་ཀྱི་ཡོད། འགོ་ཁྲིད་ལས་བྱེད་པ་རྣམས་ལ་ཆ་མཚོན་ནས་བཤད་ན། ངེས་པར་དུ་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་ལྟར་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། ལས་དོན་སྒྲུབ་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་ཆེན་པོ་རྒྱག་དགོས། ཁྲིམས་ལུགས་བརྩི་སྲུང་དང་ལས་རིམ་ལ་རྩིས་མཐོང་ཆེན་པོ་བྱས་ཏེ་འགན་དབང་ནི་བཅའ་ཁྲིམས་ཀྱིས་གནང་བ་ཡིན་ཞིང་། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་དགོས་པ་དང་། དབང་སྤྱོད་སྐབས་ལྟ་སྐུལ་དང་ལེན་བྱ་དགོས། དེ་ལྟར་བྱས་ཚེ་གཞི་ནས་ཁྲིམས་ལྟར་ལག་ཏུ་བཟུང་བའི་དབང་ཆ་ལེགས་པར་སྤྱོད་ཐུབ་པ་དང་། “ཁྲིམས་བཙུགས་ཚེ་བྱས་ཉེས་གསོག་མཁན་ལ་ཁྲིམས་ལྟར་ཉེས་ཆད་གཅོད་པ་དང་། བཀའ་རྒྱ་བཏང་ཚེ་བཀའ་ལྟར་ལེགས་པར་སྒྲུབ་པར་”བྱ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།