འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་དུ་ལོ་ངོ་2000ཡར་སྔོན་གྱི་ནང་བའི་དགོན་པ་གསར་རྙེད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་28ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། དབྱིན་ཇུའི་༼ ཉིན་རེའི་སྦྲགས་ཚགས་ ༽སྟེང་བཀོད་པ་ལྟར་ན། ཀྲུང་གོའི་ཀུང་ཟི་ཞིག་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཡུལ་དབུས་༼ Mes Aynak ༽ཞེས་པའི་ས་ཆ་ནས་ཟངས་གཏེར་སྔོག་འདོན་བྱེད་སྐབས་དར་གོས་འགྲུལ་ལམ་སྟེང་དུ་སྐྲུན་ཡོད་པའི་ལོ་ངོ་2000ཡར་སྔོན་གྱི་ནང་བའི་དགོན་པ་ཞིག་གསར་རྙེད་བྱུང་བ་རེད།
       གནའ་དཔྱོད་ཆེད་མཁས་པས་ངོ་སྤྲོད་གནང་དོན། ད་ལོའི་ཟླ་5བའི་ནང་གསར་རྙེད་བྱུང་བའི་དགོན་པ་དེ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁཱ་པོའོ་ཨེར་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་30ཡོད་པའི་ལྷོ་རྒྱུད་ས་ཁུལ་དུ་གནས། སྤྱི་ལོ་སྔོན་གྱི་དུས་རབས་7པའི་ནང་སྐྲུན་པའི་ནང་བསྟན་དགོན་པ་དེའི་ནང་རང་བསྲེལ་མཆོད་རྟེན་ཁ་ཤས་དང་། ལྷ་སྐུ་ཆེ་ཆུང་150ལྷག   ད་དུང་གསེར་དང་སྒོར་མོ་སོགས་ཀྱི་རྒྱན་རིས་ཡོད་པའི་ལྡེབས་རིས་བཅས་ཡོད་པ་རེད།
       ཧྥ་རན་སེའི་གནའ་དཔྱོད་ཆེད་མཁས་པ་ཞིག་གིས་བརྗོད་དོན། ལོ་རྒྱུས་སྟེང་དུ་ས་གནས་འདི་ནི་དར་གོས་འགྲུལ་ལམ་གྱི་དཀྱོགས་མཚམས་ཞིག་ཡིན་པས། ས་ཆ་འདི་རུ་རིག་དངོས་རྩ་ཆེན་བགྲང་གི་མི་ལངས་པ་ས་འོག་ཏུ་བཅུག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།