འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སངས་རྒྱས་སྒྲོལ་མ་༼ 2014ལོའི་འགན་སྲུང་སྤྱི་དམངས་བཅུའི་ ༽གྲས་སུ་ཚུད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་05ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སངས་རྒྱས་སྒྲོལ་མ་༼ 2014ལོའི་འགན་སྲུང་སྤྱི་དམངས་བཅུའི་ ༽གྲས་སུ་ཚུད་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་4ཉིན་གྱི་སྔ་དྲོར། མི་དམངས་དྲ་བའི་༼ 2014ལོའི་འགན་སྲུང་སྤྱི་དམངས་བཅུ་ ༽ལ་གཟེངས་རྟགས་སྤྲོད་པའི་མཛད་སྒོ་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་སྤེལ་བ་དང་། གཙོ་སྒྲུབ་ལས་ཁུངས་མི་དམངས་དྲ་བས་མཛད་སྒོའི་ཐོག་གཟེངས་རྟགས་ཐོབ་མཁན་རྣམས་ལ་མི་དམངས་ཤོག་སྒོར་ཁྲི་10རེ་གནང་བ་རེད། དགའ་འོས་པ་ཞིག་ལ་འགན་སྲུང་སྤྱི་དམངས་བཅུའི་མིང་ཐོའི་ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གློག་ཤུགས་མཁོ་འདོན་ལས་གཉེར་ཁང་གི་བོད་རིགས་ལས་མི་སངས་རྒྱས་སྒྲོལ་མ་ཚུད་ཡོད་འདུག
         སངས་རྒྱས་སྒྲོལ་མ་ནི། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གློག་ཤུགས་མཁོ་འདོན་ལས་གཉེར་ཁང་གི་ལས་མི་ཞིག་ཡིན་ཞིང་། དེ་ནི་ས་བབ་མཐོ་ཤོས་སུ་ཡོད་པའི་རྒྱལ་ཁབ་གློག་དྲའི་གློག་ཤུགས་མཁོ་འདོན་ལས་གཉེར་ཁང་ཞིག་རེད། ཁོ་མོས་ལོ་ངོ་12རིང་ལ་རྫོང་འདིའི་ཤང་6དང་གྲོང་བརྡལ་1 དགོན་པ་9ཡི་གློག་སྤྱོད་ཚད་ཐོ་བཀོད་ཞིབ་བསྡུར་གྱི་ལས་ཀ་བྱེད་ཀྱི་ཡོད། གློག་སྤྱོད་ཚད་ཐོ་འགོད་ཞིབ་བསྡུར་བྱེད་པར་འགྲོ་ཐེངས་གཅིག་ལ་སྤྱི་ལེ་400ལྷག་ཙམ་བསྐྱོད་དགོས་ཤིང་། བགྲོད་ལམ་བདེ་པོ་མེད་པ་མ་ཟད། ས་ཆ་ཁ་ཤས་སུ་རླངས་འཁོར་བགྲོད་དཀའ་བས། རྐང་ཐང་དུ་སྐྱོད་དགོས། ཁོ་མོས་གློག་ཤུགས་བདེ་འཇགས་ངང་བཀོལ་སྤྱོད་བྱ་རྒྱུའི་རྒྱུན་ཤེས་བོད་སྐད་དུ་བསྒྱུར་ནས་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་གདལ་བཏང་བ་རེད། གཞན་ཁོ་མོས་ད་དུང་རང་དངུལ་བཏོན་ནས་དབུལ་པོའི་དུད་ཚང་13གྱི་གློག་རིན་སྒོར་3400ལྷག་སྤྲད་པ་མ་ཟད། ལུས་ཁམས་ལ་ནད་ཕོག་པ་དང་འཚོ་བར་དཀའ་ངལ་ཡོད་པའི་འགན་ལེན་ལྔའི་དུད་ཚང་གི་བོད་རིགས་རྒན་རྒོན་6ལ་འོས་འགན་ངང་ལྟ་སྐྱོང་གནང་བཞིན་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།སངས་རྒྱས་སྒྲོལ་མ་༼ 2014ལོའི་འགན་སྲུང་སྤྱི་དམངས་བཅུའི་ ༽གྲས་སུ་ཚུད་པ།
      

    ཕྱོགས་བསྡུས་གསར་འགྱུར།