འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འགོ་ཁྲིད་ལས་བྱེད་པ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགག་རྩ་ཡིན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་09ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཚེས6ཉིན་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་དཔྱད་གཏམ་པའི་རྩོམ་ཡིག འགོ་བརྗོད་དུ་འགོ་ཁྲིད་ལས་བྱེད་པ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགག་རྩ་ཡིན་ཞེས་པ་སྤེལ་ཡོད།
           རྩོམ་ཡིག་ནང་། འཚོ་བ་དངོས་ནང་། འགོ་ཁྲིད་ལས་བྱེད་པ་ཁག་ཅིག་གི་ཁྲིམས་སྐྱོང་འདུ་ཤེས་ཅུང་ཞན་པ་དང་། ཁྲིམས་ལྟར་ཁྲིམས་འཛིན་མི་བྱེད་པ། ཁྲིམས་ལས་འགལ་ཡང་འགན་འཁྲི་རྩད་གཅོད་མི་བྱེད་པ། ཁྲིམས་ཤེས་ཀྱང་ཁྲིམས་ལས་འགལ་བ་སོགས་ཀྱི་གནས་ཚུལ་ཅུང་ཡོངས་ཁྱབ་ཡིན། དེ་ཡང་ དཔེར་ན་ཁག་ཅིག་གིས་འབད་བརྩོན་ལྷོད་མེད་ཀྱིས་ཁྲིམས་སློབ་སྦྱོང་བྱས་ཀྱང་སེམས་ནང་ཁྲིམས་མེད་པ། ཁག་ཅིག་གིས་སྐད་ཆར་བརྟེན་ནས་ཁྲིམས་ཀྱི་ཚབ་བྱེད་པ་དང་། དབང་ཆས་ཁྲིམས་གནོན་པ། ཁག་ཅིག་གིས་ཁྲིམས་འཛིན་ནན་པོ་མི་བྱེད་པ་དང་རྩུབ་སྤྱོད་ཀྱིས་ཁྲིམས་འཛིན་བྱེད་པ། ཁག་ཅིག་གིས་ཁྲིམས་འཛིན་ལ་ཐེ་ཇུས་བྱས་པ་དང་། ཉེར་ཕྱོགས་གཡོ་ཟོལ་བྱེད་པ། ཁག་ཅིག་གིས་སྒེར་དོན་ལ་ཡིད་བརྣགས་པ་དང་རྒྱུ་ཟ་ཁྲིམས་འགལ་བཅས་བྱེད་ཀྱི་ཡོད་ཅེས་བཏོན་ཡོད།
          ཁྲིམས་སྐྱོང་ཁ་གསལ་མེད་ཚེ། ཏང་དང་རྒྱལ་ཁབ་ལྷིང་འཇགས་ཡོང་མི་སྲིད། དོན་དངོས་ལས། འགོ་ཁྲིད་ལས་བྱེད་པའི་ཁྲོད་གནས་པའི་གནད་དོན་དེ་དག་གིས་ས་གནས་དང་ཚན་པ་ཁག་ཅིག་གི་ཆབ་སྲིད་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་མ་ཟད། དེ་བས་ཏང་དང་སྲིད་གཞུང་གི་གཟུགས་བརྙན་དང་སྙན་གྲགས་ལ་ཤུགས་རྐྱེན་ཐེབས་ནས། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་སྲོལ་ལ་གནོད་འཚེ་བཟོས་ཡོད་པས། གནད་དོན་དེ་དག་ཐག་གཅོད་མ་བྱས་ཚེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་ཁག་པོ་རེད། དེར་བརྟེན། འགོ་ཁྲིད་ལས་བྱེད་པ་ཚང་མས་ངེས་པར་དུ་རྨོངས་གཉིད་ལས་སད་ཏེ། ཁྲིམས་སྐྱོང་གསལ་པོ་མེད་པའི་གནད་དོན་ཐ་གཅིག་ཏུ་ཡོ་བསྲང་དང་ཐག་གཅོད་བྱེད་དགོས།
          དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་བཅུག་པ་དང་། ཁྲིམས་ཀྱིས་ དབང་ཆ་གཏན་ཁེལ་བྱེད་པ། ཁྲིམས་ལྟར་དབང་ཆ་བེད་སྤྱོད་བྱེད་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རྩ་ཁྲིམས་ལ་བརྩི་སྲུང་ཞུ་བ། ཁྲིམས་ལུགས་ལ་གུར་བཀུར་ཞུ་བ། ཁྲིམས་སྐྱོང་ལ་དད་བཀུར། རང་རྟོགས་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་མིག་དཔེ་བཅས་བྱས་ཚེ། གཞི་ནས་ང་ཚོས་ཁྲིམས་སྐྱོང་ཀྲུང་གོའི་དམིགས་འབེན་ལ་ཁ་ཕྱོགས་ཏེ་གོམ་པ་བརྟན་པོ་སྤོ་ཐུབ་ཅེས་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།