འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བདེན་འཚོལ་དུས་དེབ་ཀྱིས་དུས་བབ་གསར་པའི་འོག་གི་ཆབ་སྲིད་དམག་འཛུགས་ཀྱི་
    རྩ་འཛིན་རང་བཞིན་གྱི་དཔྱད་གཞིའི་ཡིག་རིགས་ཞེས་པ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་09ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་རིང་བའི་གོང་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་དེ་ཀུ་ཐན་དུ་སྐོང་འཚོགས་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གལ་ཆེའི་གསུང་བཤད་གནང་ཡོད་པ་དང་། ཏང་གིས་བསམ་བློ་དང་ཆབ་སྲིད་ཐད་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་གལ་ཆེའི་གནད་དོན་རབ་དང་རིམ་པར་གསལ་འགྲེལ་གནང་ཡོད་པ་རེད། བདེན་འཚོལ་ཞེས་པའི་དུས་དེབ་ཀྱིས་དུས་བབ་གསར་པའི་འོག་གི་ཆབ་སྲིད་དམག་འཛུགས་ཀྱི་རྩ་འཛིན་རང་བཞིན་གྱི་དཔྱད་གཞིའི་ཡིག་རིགས་ཞེས་པ་སྤེལ་ནས། ཀྲུའུ་ཞི་ཞི་ཅིང་ཕིང་གི་གལ་ཆེའི་གསུང་བཤད་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཡོད་པ་རེད།
           རྩོམ་ཡིག་ནང་། ད་ཐེངས་ཀྱི་གྲོས་ཚོགས་ནི་རང་དམག་འཛུགས་སྐྱོང་དང་གོང་འཕེལ་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གཞན་ཞིག་ཡིན། གྲོས་ཚོགས་ཐོག་ཏང་གིས་བསམ་བློ་དང་ཆབ་སྲིད་ཐད་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་འགོ་འཛུགས་ས་གསར་པ་གཏན་འཁེལ་བྱས་ཡོད་པ་དང་། ཆབ་སྲིད་ལས་དོན་གྱིས་དམག་སྟོབས་ཆེན་དང་དམག་དར་རྒྱས་ལ་ཞབས་ཞུ་དང་འགན་ལེན་བྱེད་པའི་གནས་བབ་གསར་པ་གཏོད་ཡོད་པ། དམག་དཔུང་གི་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་འབོད་བརྡ་གསར་པ་བཏང་ཡོད་པ། རང་དམག་གིས་སྤྱོད་ཚུལ་ལེགས་བཅོས་ཀྱི་སྙིང་སྟོབས་རྙིང་དོར་གསར་འཛུགས་ཀྱི་ལེའུ་གསར་པ་བཏོད་ཡོད་ཅེས་བཀོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།