འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཐང་གའི་ལས་རིགས་ཀྱི་སྣེ་ཁྲིད་པ་རྡོ་རྗེ་དོན་གྲུབ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་02ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐང་གའི་ལས་རིགས་ཀྱི་སྣེ་ཁྲིད་པ་རྡོ་རྗེ་དོན་གྲུབ།
         རྡོ་རྗེ་དོན་གྲུབ་ནི་ཁམས་ཀྱི་ཁྱིམ་རྒྱུད་གྲགས་ཅན་ཉན་ཤུལ་ཚང་ནས་ཡིན་ལ། ལོ་ན་ཆུང་དུས་ནས་བཟུང་བོད་ཡིག་གི་ཀློག་འདོན་དང་། ཡིག་གཟུགས། སྙན་ངག གསོ་རིག སྐར་རྩིས། ཐང་ག བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དང་ཕྱག་ལེན་ཆོ་ག་སོགས་སྦྱངས་ཡོད། ཁོང་གི་ཁྱིམ་རྒྱུད་ཉན་ཤུལ་ཚང་དེ་ལོ་རྒྱུས་དེབ་ཐེར་ཁག་བཀོད་པ་ལྟར་ན། མི་རབས་གོང་མ་དག་ནས་བཟུང་མི་ཉག་(དར་མདོའི་ནུབ་ཕྱོགས་དང་། ཉག་ཆུའི་ཤར་ཕྱོགས་། རྟའུ་ཡི་ལྷོ་ཕྱོགས། བརྒྱད་ཟིལ་གྱི་བྱང་ཕྱོགས། རོང་བྲག་གི་ལྷོ་ནུབ་ཕྱོགས་བཅས་མཚམས་ཀྱི་ས་ཆ)ཕྱོགས་སུ་གཏན་སྡོད་བྱས་ཡོད་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཁྱིམ་རྒྱུད་ཅིག་ཡིན་ཞིང་། ཉན་ཤུལ་དེ་རུས་རྒྱུད་ཀྱི་མིང་ཞིག་ཡིན་པས། ཚང་མས་མི་ཉག་ཉན་ཤུལ་ཞེས་འབོད་པ་རེད།
         ཁོང་གི་ཁྱིམ་རྒྱུད་དེ་མི་ཉག་ས་ཁུལ་གྱི་ལོ་རྒྱུས་ཡུན་རིང་པའི་ཁྱིམ་རྒྱུད་ཅིང་ཡིན་པ་མ་ཟད། ཁྱིམ་རྒྱུད་དེ་ག་ནས་བླ་ཆེན་50ལྷག་ཙམ་འཁྲུངས་མྱོང་ཡོད་པ་རེད། དེའི་ཁྲོད་ཀྱི་སྙན་གྲགས་ཆེ་ཤོས་སུ་འབྲུག་ཡུལ་རྒྱལ་པོའི་དབུ་བླ་བཞི་པ་ཉན་ཤུལ་རྒྱལ་དབང་ཉི་མ་དང་། པཎྜི་ཏ་ཉན་ཤུལ་དཀོན་མཆོག་རྣམ་རྒྱལ། <<བོད་ཀྱི་ཆོས་ལུགས་སྒྱུ་རྩལ་>>དང་<<བོད་ཀྱི་རིག་གནས་ཁྲོད་ཀྱི་ནང་བསྟན་གྱི་མཚོན་རྟགས་>>གཉིས་ཀྱི་རྩོམ་པ་པོ་བྲག་གཡབ་སྤྲུལ་སྐུ་བློ་ལྡན་ཤེས་རབ་དང་། <<རྒྱ་བོད་ཚིག་མཛོད་ཆེན་མོའི་>>རྩོམ་སྒྲིག་ཨུ་ཡོན་ཉན་ཤུལ་མཁྱེན་རབ་འོད་ཟེར། གནའ་བོའི་བཟོ་བཀོད་ཉམས་གསོ་སྐོར་གྱི་རིགས་གཅིག་མཁས་ཅན་སྤྲུལ་སྐུ་ཉན་ཤུལ་རྒྱལ་མཚན། དེ་བཞིན་སྤྲུལ་སྐུ་ཉན་ཤུལ་འཇམ་དབྱངས་གྲགས་པ་སོགས་ཡོད་པ་རེད།
            ལོ་10ལྷག་ཙམ་གྱི་གོང་དུ་ཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་ལྷ་ས་གངས་ཏི་སི་དཔལ་འབྱོར་ཉོ་ཚོང་ཚད་ཡོད་ཀུང་སི་བཙུགས་ཤིང་། ཐོག་མའི་མ་དངུལ་སྒོར་ཁྲི་30ལྷག་ཙམ་ནས་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་སྟོང་ཕྲག་དུ་མ་དང་ལས་མི་བརྒྱ་ཕྲག་ཁ་ཤས་ཡོད་པའི་རིག་གནས་ཐོན་ལས་ཀུང་སི་ཆེ་གྲས་ཤིག་ཏུ་འཕེལ་རྒྱས་ཕྱིན་ཡོད་པ་རེད། མིག་སྔར་ཀུང་སི་དེས་རྡོ་ལུགས་ཐང་གའི་སྒྱུ་རྩལ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོན་ལས་སྔར་བས་ལེགས་པར་འཕེལ་རྒྱས་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བཟོ་ལས་གླིང་དུ་ས་རྒྱ་མུའུ་1000ལྷག་ཙམ་བཟུང་བའི་ཐོན་མི་གླིང་བོད་ཀྱི་སྒྱུ་རྩལ་དངོས་མང་བཤམས་སྟོན་གླིང་གསར་དུ་བཙུགས་པ་རེད།
    ༄༅།།ཐང་གའི་ལས་རིགས་ཀྱི་སྣེ་ཁྲིད་པ་རྡོ་རྗེ་དོན་གྲུབ།
      

    ཕྱོགས་བསྡུས་གསར་འགྱུར།