འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཟོན་ཐར་རྒྱལ་གྱི་གློག་བརྙན་༼ གཙང་བོ་ ༽པའོ་ལེན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་26ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཟོན་ཐར་རྒྱལ་གྱི་གློག་བརྙན་༼ གཙང་བོ་ ༽པའོ་ལེན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ།
         གསར་འགོད་པས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་ལྟར་ན། བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་བ་༼ གཙང་བོ་ ༽སྐབས་65བའི་པའོ་ལེན་གློག་བརྙན་དུས་ཆེན་གྱི་གསར་ཐོན་པའི་རྣམ་གྲངས་སུ་ཚུད་ཡོད་ཅིང་། མི་འགྱངས་པར་འཇར་མན་གྱི་རྒྱལ་ས་པའོ་ལེན་དུ་ཐོག་མར་ལྟད་མོ་བ་དག་གི་སྤྱན་སྔར་འགྲེམ་འཆར་འདུག
         དེ་ནི་བོད་ཀྱི་འཁྲབ་ཁྲིད་པའི་གློག་བརྙན་བརྩམས་ཆོས་ཐེངས་དང་པོར་པའོ་ལེན་གློག་རྒྱལ་སྤྱིའི་བརྙན་དུས་ཆེན་(柏林国际电影节)དུ་ཚུད་པ་ཡིན་ཞིང་། གློག་བརྙན་འདིར་ཨ་མ་རིན་སྒྲོལ་ལ་ཡང་བསྐྱར་མངལ་ཆགས་ནས་བྱིས་པ་སྐྱེ་རག་བར་གྱི་དུས་ཚིགས་ཀྱི་འགྱུར་བ་གཞིར་བྱས་ཏེ། བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་སེམས་ནང་གི་ཨ་མྱེས་དང་ཨ་ཕ་གུ་རུ་གཉིས་ཀྱི་མངོན་ལྐོག་གི་འབྲེལ་བ་དང་། དེ་བཞིན་མོ་དང་ཨ་ཕའི་བར་གྱི་ཐོགས་རེག་བྲལ་བའི་ནང་སེམས་ཀྱི་འགལ་འདུ་དང་བརྩེ་བ་གཙོ་བོར་བྱས་ནས་ཕལ་བའི་ཁྱིམ་ཚང་ཞིག་གི་སྐྱིད་སྡུག་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།