འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་གཏན་འཇགས་གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་དང་སྒྲིག་
    བཀོད་དང་ཞིང་སྤྱོད་ས་ཆ་དོ་དམ་སྐོར་གྱི་བརྙན་འཕྲིན་ཚོགས་འདུར་
    མཛུབ་སྟོན་གལ་ཆེན་གནང་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་06ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་5ཉིན་གཏན་འཇགས་གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་དང་སྒྲིག་བཀོད་དང་ཞིང་སྤྱོད་ས་ཆ་དོ་དམ་སྐོར་གྱི་བརྙན་འཕྲིན་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་གྱི་ནང་དུ་རང་རྒྱལ་ནི་མི་མང་ལ་ས་ཞིང་ཉུང་བས་ག་དུས་ཡིན་ནའང་རྨོ་ཞིང་གི་གཞི་ཐིག་བརྟན་སྲུང་བྱ་དགོས་པ་དང་། གཞི་རྩའི་ས་ཞིང་གི་གཞི་ཐིག་བརྟན་སྲུང་བྱ་དགོས། གྲངས་འབོར་དང་སྤུས་ཚད་གཉིས་ཀར་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཏན་འཇགས་གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་ནན་པོ་བྱ་དགོས་པ་དང་། དམིགས་སུ་བཀར་ནས་སྲུང་སྐྱོང་ནན་པོ་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་བྱ་བྱེད་༼ སྲུང་ར་ ༽བརྟན་པོར་བཙུགས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བའི་རྨང་རྡོ་བརྟན་འཛུགས་བྱ་དགོས་ཞེས་བསྟན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།