འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ལྗོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་ས་ཁུལ་ཚང་མར་དམངས་ཁྲོད་སྒྱུ་རྩལ་
    ཚོགས་པ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་06ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོཊ་བྱུང་བ་ལྟར་ན། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས)74རུ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་ནས“རྫོང་ཀུན་ལ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ”ཡོད་པའི་དམིགས་ཚད་སྔ་སྣུར་དུ་གྲུབ་པ་རེད། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཁག་གིས་རྒྱ་ཆེའི་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད་བོད་ཀྱི་སྲོལ་རྒྱུན་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ཆེད“སྤེལ་སྦྱོང་རྟེན་གཞི”ཡང་བསྐྲུན་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པའི་སྤྱི་འབོར་2000ཟིན་པ་དང་། གཙོ་བོར་མང་ཚོགས་དང་ཉེ་བཅར་དང་། སྣ་ཁ་ཕུན་སུམ་ཚོགས་པ་བཅས་ཀྱི་རིག་རྩལ་འཁྲབ་ཚན་གསར་རྩོམ་གྱིས་སྲོལ་རྒྱུན་གྱི་ལྷ་མོ་དང་། གཞས་མ་གཏམ། གླུ་གར། དགོད་བྲོའི་གཏམ་གླེང་སོགས་གཞི་རིམ་ཞིང་འབྲོག་མང་ཚོགས་ཡོད་སའི་ཤང་དུ་འཁྲབ་པས་བོད་ལྗོངས་ཀྱི་ཆེད་ལས་རིག་རྩལ་ཚོགས་པའི་སྤྱི་འབོར་ལ་ཚད་ཡོད་པ་དང་ཞབས་འདེགས་ཞུ་ཡུལ་ཆུང་བ་སོགས་ཀྱི་ཞན་ཆ་ནུས་ལྡན་ངང་བསལ་བ་རེད།
         རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དག་ད་དུང་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་འཁྲབ་སྟོན་བྱེད་སྒོ་ཆེ་གྲས་དང་ས་ཁུལ་དང་གྲོང་ཁྱེར་གྱི་རིག་གནས་བྱེད་སྒོ་གལ་ཆེན་ཁྲོད་ཞུགས་ཏེ་<<གླུ་ལེན་གར་འཁྲབ་>>དང་། <<སྒོར་གཞས་ཀྱི་དཔྱིད་ཀ>> <<གནམ་མཚོའི་གར་གྱི་སྟངས་སྟབས>> <<ཡར་ཀླུང་གི་དཔྱིད་དཔལ་རྦ་རླབས་>>སོགས་མང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་ཕུལ་བྱུང་རྣམས་བདེ་བླག་ངང་བཏོན་ནས་བོད་ཀྱི་རིག་རྩལ་དར་རྒྱས་ཆེད་ལེགས་སྐྱེས་ཕུལ་བ་རེད།
          བསྡོམས་རྩིས་གཞི་གྲངས་ཀྱི་ཐོག་ནས་མངོན་པ་ལྟར་ན། མིག་སྔའི་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལོ་ལྟར་གསར་རྩོམ་བྱས་པའི་འཁྲབ་ཚན་800ལྷག་ཟིན་པ་དང་གཞི་རིམ་དུ་ཐེངས་2000འཁྲབ་སྟོན་བྱས་ཏེ་ལྟད་མོ་བ་མི་ཐེངས་ཁྲི་100ཟིན་ཡོད། མང་ཚོགས་དབར་འབྲེལ་འདྲིས་བྱེད་པའི་རིག་རྩལ་འཁྲབ་སྟོན་བརྒྱུད་ནས་སོ་ནམ་ལ་གོམས་པའི་ཞིང་འབྲོག་མང་ཚོགས་ལ་རིག་གནས་དགའ་སྟོན་ངོ་མཚར་ལྡན་པ་ཞིག་ཕུལ་བ་རེད།
         གཞན་ཡང་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྱོང་ལ་སྐུལ་སྤེལ་མགྱོགས་སུ་དང་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་དཔེ་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་དང་། ཤང་(གྲོང་རྡལ)གི་ཕྱོགས་བསྡུས་རིག་གནས་ས་ཚིགས་543བཙུགས་ཤིང་། རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་བྱ་ཡུལ་39གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་བསྒྲུབས་པ་དང་། སྒྲིག་ཆས་ཉོ་སྒྲུབ་དང་ཉམས་གསོ་སྒྱུར་བཅོས་ཀྱི་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ཏེ་ད་ལྟ་ལས་གྲྭ་ཁག་གི་འཕེལ་རིམ་ལམ་ལྷོངས་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།