འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་གི་བོད་རིགས་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ཀྱིས་
    ལོ་གསར་པར་བཀྲ་ཤིས་སྨོན་འདུན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་06ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་གི་བོད་རིགས་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ཀྱིས་
ལོ་གསར་པར་བཀྲ་ཤིས་སྨོན་འདུན་ཞུས་པ།
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་1ཚེས་1ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གཡག་རྭ་ཤང་རྒྱ་སྒང་གྲོང་ཚོས་གནམ་ལོ་གསར་ཚེས་ཀྱི་སྐོར་བྲོའི་འདུ་ཚོགས་སྒྲིག་འཛུགས་བྱས་ཏེ་ལོ་གསར་བའི་ནང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། ཐེངས་འདིའི་སྐོར་བྲོ་འདུ་ཚོགས་ཐོག་བོད་རིགས་གྲོང་ཚོ་14ཡི་གྲོང་མིའི་འཐུས་མི་དང་དམངས་ཁྲོད་སྒྱུ་རྩལ་པ་བཅས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་ལེ་ཚན་30ལྷག་ཙམ་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་ཁྲོད་སྐོར་བྲོ་དང་། རལ་པ། གཞས་མ་གཏམ་སོགས་ཡོད་པས་འཁྲབ་སྟོན་པའི་དགའ་སྤྲོ་རབ་ཏུ་འཕེལ་ནས་གླུ་ལེན་གར་འཁྲབ་དང་ཁོག་ཡངས་དཀྱེལ་ཆེའི་ཉམས་བཟང་མངོན་ཡོད་པ་རེད།
         སྐོར་བྲོའི་འདུ་ཚོགས་ཁྲོད་གྲོང་ཚོའི་རིག་གནས་སྡེ་ཁག་དང་གྲོང་མིའི་འཐུས་མི་གཉིས་ཀྱིས་དཔྱད་འདེམས་ཚོཊ་པ་བཙུགས་ཏེ་ཕུལ་བྱུང་ལེ་ཚན་5བདམས་ཐོན་བྱུང་བ་དང་ཆབས་ཅིག  དེ་དག་ལ་གཟེངས་རྟགས་ཀྱང་སྤྲད་པ་རེད། གཡག་རྭ་ཤང་དེ་ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་ལ། གནའ་སྔ་མོ་ནས“གླུ་གར་གྱི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད་ཅིང་། སྐོར་བྲོ་ནི་དེ་གའི་མང་ཚོགས་ཚོས་ཆེས་དགའ་བསུ་བྱེད་པའི་བྲོ་གར་ཞིག་ཡིན་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་གི་བོད་རིགས་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ཀྱིས་
ལོ་གསར་པར་བཀྲ་ཤིས་སྨོན་འདུན་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།