འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་27ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས་པ།
          མི་དམངས་དྲ་བའི་འཕྲིན། དམངས་ཕན་རིག་མཛོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་མཛད་སྒོ་དང་དཔྱད་གླེང་ཚོགས་འདུ་ཚེས་26ཉིན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཏེ། བོད་ཀྱི་བུད་མེད་རྩོམ་པ་པོ་ཁག་ཅིག་གི་དཔེ་དེབ་འགྲེམ་སྤེལ་བྱས་ཡོད་ཅིང་། ད་ལོར་པར་སྐྲུན་གནང་བའི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་སུ་དཔལ་མོ་ལགས་ཀྱི་༼དཔྱིད་ཀྱི་དཔལ་མོ་༽དང་། ཚེ་རིང་དབྱངས་སྐྱིད་ལགས་ཀྱི་༼མི་ཚེའི་འགྲུལ་བཞུད་༽  དེ་བཞིན་ཁ་བ་ལྷ་མོ་ལགས་ཀྱི་༼ཁ་བའི་རྣ་ཆ་༽དང་མཚོ་ལགས་ཀྱི་༼སེམས་པ་བཞུད་པའི་དབྱངས་༽   རྟོགས་སད་ལྷ་མོ་ལགས་ཀྱི་༼བོད་པའི་བུ་མོ་༽བཅས་ཚུད་འདུག་གོ
    ༄༅།།བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས་པ།
    ༄༅།།བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།