འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲང་ཆིང་སྣུམ་ཞིང་གི་ལོའི་སྣུམ་རླངས་ཐོན་ཚད་ཏུན་ཁྲི་5500ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་06ཉིན། 08:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་རྡོ་སྣུམ་ཁྲང་ཆིང་སྣུམ་ཞིང་གི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཕུང་ཁུའེ་ཡིས་ཁྲང་ཆིང་སྣུམ་ཞིང་ཐོན་སྐྱེད་བཀོད་འདོམས་ལྟེ་གནས་ནས་ཁྱབ་བསྒྲགས་བྱས་དོན། ཁྲང་ཆིང་སྣུམ་ཞིང་གི་2014ལོའི་སྣུམ་རླངས་ཐོན་ཚད་ཏུན་ཁྲི་5545ལས་བརྒལ་བ་དེ་ནི་སྣུམ་ཞིང་དེས་2013ལོར་ལོའི་སྣུམ་རླངས་ཐོན་ཚད་ཏུན་ཁྲི་5000ཡན་ཟིན་རྗེས་སླར་ཡང་ཤུགས་ཆེན་འཕར་བ་དང་ཆབས་ཅིག་ཐོན་ཚད་ཏུན་ཁྲི་5500ལ་སླེབས་ཡོད། ཁྲང་ཆིང་སྣུམ་ཞིང་ནི་མིག་སྔར་རྒྱལ་ནང་གི་ཐོན་ཚད་མང་ཤོས་ཀྱི་སྣུམ་ཞིང་ཞིག་ཀྱང་ཡིན་པ་རེད།
         ལས་སྒོའི་རིགས་གཅིག་མཁས་ཅན་གྱིས་ཏ་ཆིང་སྣུམ་ཞིང་ནས་སྣུམ་རླངས་བརྟན་པོ་ཐོན་ཏེ་ལོ་མང་སོང་རྗེས་ཐོན་ཉུང་དུ་འགྲོ་འགོ་ཚུགས་པའི་རྨང་གཞིའི་འོག་ཁྲང་ཆིང་སྣུམ་ཞིང་འབུར་དུ་ཐོན་ནས་ཏུན་ཁྲི་5000གི་ཐོན་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་སྟེ་རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་འགན་ལེན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དེ་དང་དུས་མཚུངས་ཀྲུང་གོའི་རང་བྱུང་སོལ་རླངས་ཐོན་ཁུལ་གཙོ་བོ་ཡིན་པའི་ཁྲང་ཆིང་སྣུམ་ཞིང་གིས་གྲོང་ཁྱེར་ཆེ་འབྲིང་40ལྷག་ཙམ་ལ་དྲོད་རླངས་མཁོ་འདོན་བྱེད་ཀྱི་ཡོད། ལོར་སོལ་རླངས་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་380ལྷག་ཙམ་ཐོན་གྱི་ཡོད་པ་དེ་རྒྱལ་ས་པེ་ཅིང་ལྟེ་བར་བྱས་པའི་ཧྭ་པེ་ས་ཁུལ་དང་ཧྲའན་ཤིས་དང་། ཀན་སུའུ། ཉིང་ཞ། ནང་སོག་བཅས་ས་ཁོངས་སུ་མཁོ་འདོན་བྱེད་ཀྱི་ཡོད་པས་རང་བྱུང་སོལ་རླངས་མཁོ་འདོན་བྱེད་དཀའ་བའི་རྣམ་པར་འགྱུར་ལྡོག་ཕྱིན་ནས་དམངས་འཚོ་འགན་ལེན་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ལུགས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།