འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་06ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
             མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་5ཉིན་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་དགོས་འདུན་གསར་པ་དང་བསྟུན་ཐབས་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཏན་ཏིག་ངང་ལེགས་འགྲུབ་བྱས་ཐོག་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་པོ་བཅས་བྱེད་ཆེད་བསམ་བློ་དང་གླེང་ཕྱོགས་ཐོག་ནས་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས་ཞེས་ནན་བཤད་གནང་།
           ལིའུ་ཡུན་ཧྲན་གྱིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལེགས་པར་བསྒྲུབ་དགོས་ན། ཏང་གིས་དྲིལ་བསྒྲགས་ལ་དོ་དམ་བྱ་རྒྱུ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་སྒྲུབ་ཀྱི་འགོ་ཁྲིད་བྱེད་དབང་དང་རང་དབང་དམ་འཛིན་ཏན་ཏིག་བྱ་དགོས། ཏང་ཨུ་རིམ་པ་ཁག་གིས་འདུ་ཤེས་འཛིན་སྟངས་སྐོར་གྱི་ལས་དོན་ལ་འགན་ཡོངས་སུ་ཁུར་ནསཁ་ཕྱོགས་ཡང་དག་པར་འཛིན་པ་དང་།ལས་དོན་བཀོད་སྒྲིག་དང་དེར་མཛུབ་སྟོན། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེར་གཏོང་། དཔུང་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་ལ་སོགས་པ་བྱ་རྒྱུའི་འགན་འཁྲི་ལེགས་པོར་འཁུར་དགོས་པ་དང་། ཏང་ཨུའི་ཧྲུའུ་ཅིས་འགན་འཁུར་མཁན་ཨང་དང་པོ་ཡིན་པའི་འགན་འཁྲི་དང་དུ་བླངས་ནས་སྣེ་ཁྲིད་ཀྱིས་རང་འགན་གཙང་སྒྲུབ་བྱ་དགོས་ཤིང་། འབྲེལ་ཡོད་སྡེ་ཁག་ཁག་དང་སྡེ་ཚན་ཁག་གིས་སོ་སོའི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་འཁུར་དགོས་པའི་འགན་འཁྲི་ཞིབ་ཚགས་ཅན་དང་། དོན་དངོས་ཅན། བྱེ་བྲག་ཅན་བཅས་སུ་འགྱུར་བར་བྱ་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད།
    ༄༅།།རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།