འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་པ་༼གཙང་པོ་༽
    ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་པ་༼གཙང་པོ་༽
ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ༼གཙང་པོ་༽ཞེས་པའི་གློག་བརྙན་གྱི་མཐའ་མའི་སྒྲིག་སྦྱོར་བྱ་བ་ཉེ་སྔོན་ལེགས་པར་འགྲུབ་ཅིང་། འདི་ནི་བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་༼དབུས་ལམ་གྱི་ཉི་མ་༽ཕབ་རྗེས་ཀྱི་འཁྲབ་ཁྲིད་དང་ཕབ་སྦྱོར་གྱི་འགན་གཅིག་ལྕོགས་སྒོས་གྲུབ་པའི་གློག་བརྙན་བརྩམས་ཆོས་གཉིས་པ་རེད་འདུག
          རྒྱུས་ལོན་བྱུང་བ་ལྟར་ན། གློག་བརྙན་འདིའི་ཐོག་མའི་གྲ་སྒྲིག་ནས་བརྙན་ཕབ་དང་སྒྲིག་སྦྱོར་གྱི་བྱ་བ་ ཀུན་ལ་ལོ་ངོ་གསུམ་ལྷག་གི་དུས་ཚོད་སྤྱད་ཡོད་ལ། ཆེད་ལས་མ་ཡིན་པའི་འཁྲབ་སྟོན་པ་བརྒྱུད་ནས་བོད་རིགས་འབྲོག་ཁུལ་གྱི་ཁྱིམ་ཚང་དཀྱུས་མ་ཞིག་གི་འཚོ་བ་གཙོར་བརྗོད་ཡོད་པ་དང། གློག་བརྙན་ཧྲིལ་པོའི་བརྙན་ཕབ་གྱི་བྱ་བ་མཐའ་དག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ་ཡོད་པ་རེད།  གློག་བརྙན་ཁྲོད་ཨ་མ་རིན་སྒྲོལ་ལ་མངལ་འཁོར་པ་ནས་ཕྲུ་གུ་སྐྱེས་པའི་བར་གྱི་དུས་ཚིགས་གསུམ་གྱི་དུས་ཚོད་ཀྱི་གོ་རིམ་བཞིན་བུ་མོ་དབྱངས་ཅན་ལྷ་མོའི་མཐོང་སྣེ་བརྒྱུད་དེ། ཨ་མྱེས་དང་ཕ་གུ་རུའི་བར་གྱི་ཕ་བུའི་འབྲེལ་བ་དང་བུ་མོ་དབྱངས་ཅན་ལྷ་མོ་རང་ཉིད་དང་ཨ་ཕའི་བར་གྱི་ཤ་དང་རུས་པའི་བརྩེ་བ་མངོན་པར་བརྗོད་ཡོད་པ་རེད།
    ༄༅།།བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་པ་༼གཙང་པོ་༽
ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།