འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མུ་འབྲེལ་
    དཔེ་ཚོགས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་ཀྱི་མི་རིགས་དམངས་ཁྲོད་རིག་གནས་སྲུང་སྐྱོབ་འདུ་འགོད་སྒོ་ཀུན་ནས་ལག་ལེན་བསྟར་བ་དེ་དང་ལེན་བྱེད་པ་དང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་། སྲུང་སྐྱོང་། ཞིབ་འཇུག་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཕྱིར་མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ་<<མཚོ་ནུབ་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མུ་འབྲེལ་དཔེ་ཚོགས་>>རྩོམ་སྒྲིག་ཨུ་ལྷན་བཙུགས་པ་དང་། 2014ཟླ་12ཚེས་1ཉིན་<<ཏེ་ཏུའུ་སོག་པོའི་དམངས་ཁྲོད་གཏམ་རྒྱུད་>>དང་། <<མཚོ་ནུབ་དམངས་གཞས>> <<མཚོ་ནུབ་བོད་རིགས་ཀྱི་དམངས་ཁྲོད་གཏམ་དཔེ་>>བཅས་དེབ་གསུམ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
          <<མཚོ་ནུབ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་གི་མུ་འབྲེལ་དཔེ་ཚོགས་>>ཀྱི་གྲུབ་ཆ་ཞིག་ཡིན་པའི་མུ་འབྲེལ་དཔེ་ཚོགས་གསུམ་པོ་དེ་དག་དཔེ་སྐྲུན་འགྲེམས་སྤེལ་བྱས་ཏེ་མཚོ་ནུབ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་དོན་གྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད་གོང་དུ་བརྗོད་པའི་དཔེ་དེབ་དང་། པར་དེབ། སྒྲ་བརྙན་འོད་སྡེར་བཅས་སྔར་བས་འཐུས་ཚང་དུ་བཏང་བ་ཞིག་ཀྱང་རེད། དཔེ་ཚོགས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་མཚོ་ནུབ་ཀྲོའུ་ཡི་མི་རིགས་རིག་གནས་སྒྱུ་རྩལ་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མི་རིགས་རིག་གནས་འཕེལ་རྒྱས་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་དེ་བཞིན་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དོན་འཁྱོལ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་བསྐྲུན་པ། དཔལ་འབྱོར་འཛུགས་སྐྲུན་བཅས་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད་པ་རེད། དུས་མཚུངས་མཚོ་ནུབ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་དོན་དང་མི་རིགས་ཁག་གི་ཆབ་སྲིད་དཔལ་འབྱོར་དང་། ལོ་རྒྱུས་རིག་གནས། ཆོས་དད། ཡུལ་སྲོལ་གོམས་འདྲིས་བཅས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།