འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།2015ལོའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པའི་ཞིབ་བཤེར་གཏན་འབེབས་ཚོགས་
    འདུ་པེ་ཅིང་དུ་སྐོང་འཚོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་29ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།2015ལོའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པའི་ཞིབ་བཤེར་གཏན་འབེབས་ཚོགས་
འདུ་པེ་ཅིང་དུ་སྐོང་འཚོགས་བྱས་པ།
            མི་དམངས་དྲ་བའི་འཕྲིན། སྤྱི་ཟླ༡༢་པའི་ཚེས་༢༥ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པ་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་གཉེར་གནང་བའི༢༠༡༤ལོའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པ་ཞིབ་བཤེར་གཏན་འབེབས་ཚོགས་འདུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྐོང་འཚོགས་བྱས་ཡོད་ཅིང་། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་མཁས་པ༡༨ལྷག་གིས་ཚོགས་ཐོག་ཏུ་བོད་སྐད་བརྡ་ཆད་གསར་པའི་གཅིག་གྱུར་གཏན་འབེབས་སྐོར་ལ་དགོངས་འཆར་ལྷུག་བརྗོད་གནང་བ་རེད།
          ཐེངས་འདིའི་ཚོགས་འདུའི་ཐོག ༢༠༡༤ལོའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པའི་ཞིབ་བསྡུར་མ་ཟིན་དག་སྒྲིག་དང་། བོད་སྐད་སྨྱན་སྦྱོར་ཁག་ཏུ་སྤེལ་བའི་གསར་འགྱུར་དང་འགྱུར་ཡིག་སོགས་ལ་མཁོ་བའི་བརྡ་ཆད་གསར་པ་གཏན་འབེབས། དེ་བཞིན་བོད་ཡིག་ཚགས་པར་དང་དུས་དེབ། རླུང་བརྙན་འཕྲིན་ཁང་དང་དྲ་བ་སོགས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པའི་མདུན་ལམ། འགན་འཁྲི་དང་བྱེད་ལས་བཅས་དང་། བོད་སྐད་ཡིག་གི་བཀོལ་སྤྱོད་དང་འཕེལ་རྒྱས། རྒྱུན་སྤྱོད་བརྡ་ཆད་གསར་བ་ཚད་ལྡན་དུ་གཏོང་བའི་སྐོར་སོགས་ལ་ཞིབ་འཇུག་གཏིང་ཟབ་གནང་བ་རེད།༼ཀྲུང་གོའི་བོད་སྐད་རླུང་འཕྲིན་༽
      

    ཕྱོགས་བསྡུས་གསར་འགྱུར།