འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་རྒྱལ་སྤྱིའི་བདེ་འཇགས་རོགས་
    སྐྱོར་དཔུང་སྡེའི་འགན་ཡུན་ཐིམ་པའི་མཛད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དཔུང་སྡེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་2001ལོར་གྲོས་འཆམ་བྱུང་བའི་གྲོས་ཆོད་གཞིར་བཟུང་བཙུགས་པ་ཞིག་རེད། 2003ལོའི་ཟླ་བརྒྱད་པར་བྱང་ཆིངས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་དཔུང་སྡེའི་བཀོད་འདོམས་ལས་འགན་འཁུར་འགོ་ཚུགས་པ་དང་2003ལོའི་ཟླ་བཅུ་པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་འཆམ་བྱས་པ་བརྒྱུད་རྒྱལ་སྤྱིའི་དཔུང་སྡེའི་དབང་བསྐུར་བྱ་སྤྱོད་ཁྱབ་ཁོངས་དེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་ཡོངས་བར་རྒྱ་སྐྱེད་བཏང་ཡོད། ཟླ་བ་དེ་གར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་འཆམ་བྱས་པ་བརྒྱུད་དཔུང་སྡེ་དེའི་འགན་ཡུན་2014ལོའི་ཟླ་12ཚེས་31ཉིན་ནས་ཐིམ་རྒྱུ་དང་དེ་རྗེས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་འགན་འཁྲི་ཚང་མ་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་ལ་རྩིས་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།